དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྲིད་ཇུས་གསལ་འགྲེལ།

“ལོ་ལྔ་ཚན་བཅུ་བཞི་པའི་རིང”བོད་ལྗོངས་ཀྱིས་གོ་སྐབས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་བསུ་མ་བྱ་རྒྱུ་རེད།

སྤེལ་དུས 2020-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        མཐོ་སྒང་དུ་སློབ་སྦྱོང་བྱེད• ངེད་དྲ་ཚིགས་ཀྱི་གསར་འགོད་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་སློབ་སྦྱོང་བྱས་པ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་ཟླ་8པའི་ཚེས་28ནས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་རྗེས་སུ་ཀྲུང་དབྱང་གིས་ཡང་བསྐྱར་སྐོང་ཚོགས་བྱས་པའི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཞིག་རེད། 
          ཐེངས་འདིའི་གྲོས་ཚོགས་ཐོག དུས་རབས་གསར་པར་འཕྲད་པའི་དུས་བབ་གསར་པའི་བོད་སྐྱོང་གི་མཛད་ཇུས་གཏན་འཁེལ་བྱས་ཤིང་། དེ་ནི་དུས་རབས་གསར་པའི་རྒྱལ་སྐྱོང་མཛད་ཇུས་ཀྱི་སྐྱེ་ལྡན་གྱི་གྲུབ་ཆ་ཁག་གཅིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་བོད་སྐྱོང་མཛད་ཇུས་རྒྱུན་འཛིན་དང་། འཕེལ་རྒྱས། གསར་གཏོད་བྱས་པ་ཞིག་ཡིན་ལ། དུས་རབས་གསར་པར་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། སྣོད་བཅུད་བཅོས་སྐྱོང་བཅས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ཐབས་ཇུས་གསར་པ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན། 
          བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་འོག་གི་བོད་ལྗོངས་གསར་པར་མཛེས་སྡུག་ལྡན་པའི་མདུན་ལྗོངས་ཤིག་བྲིས་ཤིང་། ལོ་ལྔ་ཚན་བཅུ་བཞི་པའི་རིང་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་གོ་སྐབས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་བསུ་རྒྱུ་ཡིན་པ་རེད།
          ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།  “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པ་དང་། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་སྣོད་བཅུད་ཀྱི་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན་བྱ་དགོས་པ་དང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུགཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་བར་ཧུར་ཐག་བྱ་དགོས། 
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག  བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། བོད་ལྗོངས་རྒྱུན་མཐུད་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ་བྱུང་བ་མངོན་འགྱུར་བྱས་ཏེ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2019ལོའི་ཟླ་12པར། བོད་ལྗོངས་ཀྱི་རྫོང་(ཆུས)74ཡིས་དབུལ་ཞྭ་ཕུད་པས་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཏེ་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་བྱུང་བར་ཚང་མས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

          འདི་ནི་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་རེད། 
          བོད་ལྗོངས་འདི་ཉིད་མཐའ་མཚམས་སུ་གནས་ཤིང་། དེ་ནི་རྒྱལ་ཁབ་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་གསོག་འཇོག་རྟེན་གཞི་གལ་ཆེན་ཞིག་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འགངས་ཆེན་ཞིག་ཡིན་པ་དང་། སྔར་ནས་བཟུང་། “དམངས་འཚོའི་འདུ་འགོད”དང་“དམངས་སེམས་ཀྱི་འདུ་འགོད”ཁག་གཅིག་ལ་འཕེལ་རྒྱས་ཉིས་བརྩེགས་བྱུང་སྟེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། བོད་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས། བོད་ལྗོངས་ཀྱི་དམངས་སེམས་གཅིག་སྒྲིལ་བཅས་བྱ་རྒྱུ་དེ་བོད་ལྗོངས་འབྱོར་འབྲིང་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་མཚོན་རྟགས་སུ་གྱུར་ཡོད། 
          མིག་སྔར། བོད་སྐྱོད་ལྕགས་ལམ་གཉིས་པ་ཁྲོན་བོད་ལྕགས་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1742.39ཡོད་པ་དང་། དེའི་ཤར་ནི་ཁྲེང་ཏུའུ་ནས་འགོ་བཙུགས་ཤིང་། ནུབ་ནི་གཡག་རྔ་ནས་དར་རྩེ་མདོ་དང་དེ་ནས་ཆབ་མདོ་ནས་ཉིང་ཁྲིའི་བར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་3000ལྷག་ཙམ་བཏང་ཡོད། ལྕགས་ལམ་ཧྲིལ་པོ་འཛུགས་སྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པའི་དུས་ཚོད་ནི་ཆུ་ཚོད་36ནས་ཆུ་ཚོད་12བར་ཇེ་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད། 
          བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཕྱིར་བཏོན་པའི་གནས་ཚུལ་ལྟར་ན། འདི་ལོའི་ཟླ་8པའི་བར། བོད་ལྗོངས་ཀྱི་རྫོང་གྲོང་ཚང་མར་སྣུམ་སྙིགས་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་(གྲོང་རྡལ)86.4%དང་61.4%ཡི་གསར་བཟོའི་གྲོང་ཚོར་སྲ་འགྱུར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ཉེ་བའི་ལོ་ལྔའི་རིང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་གསར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82ཡོད་པ་དང་། གྲོང་ཚོའི་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་8.6ཟིན་ཡོད། ལོ་ལྔའི་རིང་། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྫོང་གཅིག་དང་། ཤང(གྲོང་རྡལ)102དང་། གསར་བཟོའི་གྲོང་ཚོ་536ཏུ་རླངས་འཁོར་ཤར་བགྲོད་ཐུབ་ཡོད་པ་དང་། མིག་སྔར་བོད་ལྗོངས་ཡོངས་སུ་རྫོང་(ཆུས)74དང་། ཤང་(གྲོང་རྡལ)476དང་གསར་བཟོའི་གྲོང་ཚོ་2050རུ་རླངས་འཁོར་ཤར་གཏོང་ཐུབ་སྟེ། གྲོང་ཚོའི་འགྲུལ་སྐྱེལ་གྱི་དྲ་རྒྱ་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
          1980ལོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནས་2020ལོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་བར་དུ། བོད་ལྗོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་པའི་བོད་ལྗོངས་ཀྱིས་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱུང་སྟེ། དུས་རབས་གསར་པའི་འོག་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསུ་མ་བྱ་རྒྱུ་རེད།