དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྲིད་ཇུས་གསལ་འགྲེལ།

བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

སྤེལ་དུས 2020-09-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ་རེད། ཚང་མས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྔར་བས་གཅེས་སྤྲས་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
          བོད་ལྗོངས་དང་པེ་ཅིང་དབར་ས་ཐག་རིང་ཡང་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཕུར་བསྟན་གྱིས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་མི་རིགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོ་འདུ་ཐེངས་བདུན་པའི་དགོངས་དོན་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་སུ་ཟུག་པར་བྱེད་པ་དང་། རང་རྟོགས་ངང“དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པར་བྱེད་པ”བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་རྟེན་གཞི་གཙོ་བོ་གཉིས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་མང་ཚོགས་ཞུགས་རྒྱུ་སྐུལ་སློང་རྒྱ་ཁྱབ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཐད་བྱས་རྗེས་ཧུར་ཐག་འཇོག་པ་དང་ཏང་གིས་བོད་ལྗོངས་སུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བརྗོད།
          ཟླ་8ཚེས་29ཉིན་གྱི་དགོང་མོ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དུ་གྲོང་མི་མི་ཉུང་བ་ཞིག་གིས་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་བསྐྱོད་དེ་LEDབརྙན་ཤེལ་ཐོག་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གསར་འགྱུར་བལྟས་པ་རེད། 
          ཚོགས་འདུའི་ཐོག་གཏན་འཁེལ་བའི་དམངས་ཕན་དམངས་བདེའི་སྲིད་ཇུས་ཡག་པོ་རེ་རེར་ས་གནས་དེ་གའི་མང་ཚོགས་ཚོས་དགའ་བསུ་ཡང་ཡང་ཞུས་ཡོད། “ཏང་གི་སྲིད་ཇུས་བཟང་པོའི་འོག ད་ཆ་ཕྲུ་གུ་སློབ་གྲྭར་འགྲོ་སྐབས‘འགན་ལེན་གསུམ’གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་། ནད་གཞི་ལྟ་བར་སྨན་བཅོས་འགན་བཅོལ་ཡོད་པ། རྒན་གསོར་རྒན་གསོའི་འགན་བཅོལ་སོགས་ཡོད། དེ་སྤྱི་ཚོགས་རྙིང་པ་དང་བསྡུར་ན་དངོས་གནས་གནམ་སའི་ཁྱད་པར་ཡོད”ཅེས་མི་ཚོགས་ཁྲོད་ཀྱི་ལོ་73ལ་སླེབས་པའི་རྒད་པོ་འཇམ་དབྱངས་དཔལ་ལྡན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་བཤད། ཁོང་གིས“ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས“སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཟས་གོས་འགྲོ་སྡོད་དང་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་བཅངས་བཞིན་ཡོད་པས་ང་ཚོར་དྲོ་སྐྱིད་ཆེན་པོ་ཚོར་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། ཏང་གི་སྲིད་ཇུས་བཟང་པོ་ལས་དར་དམར་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་འགན་ལེན་བྱུང་ནས། ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་ཡོད། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕུགས་འདུན་དོན་གཉེར་གྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།
          ཤར་པ་བ་ནོར་བུས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་མང་ཆག་འདེབས་འཛུགས་ལས་སྣོན་ཕྱིར་ཚོང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་གྱི་ཡོད། “ངའི་བག་ཆགས་ཟབ་ཤོས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ལས་ཞུགས་བསྡུ་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་འབྲེལ་རོགས་སྐྱོར་ཡང་བྱས་ནས་ཤེས་ལྡན་མི་སྣ་དཀོན་རིགས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས’ཞེས་གསུངས་པ་དེ་ཡིན། ཁོང་གིས་དངོས་གནས་ང་ཚོའི་སེམས་གཏིང་གི་སྐད་ཆ་གསུངས་སོང་། ཏང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག་མཉམ་ལས་ཁང་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་ངེས་ཡིན་པ་དང་། ཤར་པའི་ཁྱད་ལྡན་ཐོན་ཟོག་ཀྱང་བྲིན་ཁ་དེ་བས་རྒྱུག་པོ་བྱུང་ནས་མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི‘ནོར་གཞོང’ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ནོར་བུས་དགའ་ཚོར་ཆེན་པོས་བཤད།
          “ང་ཚོ་རྟ་དམག་གྲོང་ཚོར་ཏང་གི་སྲིད་ཇུས་བཟང་པོའི་འོད་ཟེར་འཕྲོས་སོང་། དེ་འདྲའི་དགའ་བ་ལ་དེ་འདྲའི་སྐྱིད་པ་ལ། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོས་མི་དམངས་སྣེ་ཁྲིད་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད། དེ་འདྲའི་དགའ་བ་ལ་དེ་འདྲའི་སྐྱིད་པ་ལ”ཞེས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་གསར་འགྱུར་བལྟས་རྗེས། རྟ་དམག་གྲོང་ཚོའི་མང་ཚོགས་རིག་རྩལ་རུ་ཁག་གི་འགན་འཁུར་བ་མིག་དམར་གྱིས་རང་དབང་མེད་པར་གྲོང་མི་ཚོས་གསར་གཏོད་བྱས་པའི་གླུ་གཞས་ཁ་ནས་ཐོན། ཁོང་གིས་རྟ་དམག་བའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2019ལོར་གྲོང་མི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.1ཟིན་ནས་དབུལ་སྒྲོལ་བདེ་བླག་བྱུང་ཡོད། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་ཁབ་དང་མི་རིགས་དབར་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཐོག་རྟ་དམག་གྲོང་ཚོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
          སློབ་གསོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་བོད་ལྗོངས་ཀྱི་གཞོན་ནུ་སློབ་མ་འཚར་ལོངས་ཡོང་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་མཐོང་ཆེན་བྱེད་དགོས་པ་དང་། ང་ཚོས་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བ་ཞིག་ཡིན་པ་ཚོར་ཐུབ་པ་བྱེད་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད”ཅེས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཡེ་ཤེས་སྒྲོལ་མས་བཤད། ཁོང་གིས“ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་སློབ་མས་ལོ་རྒྱུས་སྔར་བས་ཁོང་དུ་ཆུད་པ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་མཁན་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས”ཞེས་བཤད།
          “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གལ་ཆེན་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་བ་གང་ལེགས་མཚོན་ཡོད། དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཝུའུ་ཡུང་ཞང་གིས་བཤད། ཁོང་གིས“དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱས་ནས་ཚོགས་འདུའི་དགོངས་དོན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་བཏོན་གནང་བའི‘ངེས་པར་དུ་བཅུའི’ལས་དོན་བླང་བྱར་གཞིགས་པ། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་ཡོང་བའི་ལས་དོན་ཁག་ཡག་པོ་བསྒྲུབས་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད།