དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྲིད་ཇུས་གསལ་འགྲེལ།

སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

སྤེལ་དུས 2020-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
---ཆེད་མཁས་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་འགྲེལ་བརྗོད་བྱེད་པ།
       ཟླ8པའི་ཚེས28ཉིན་ནས་ཚེས29ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ང་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། གསུང་ཚིག་ནན་མོ་ཡོད་པས་དེ་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་གལ་ཆེན་ལྡན་ཡོད་ཅིང་།  དེས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་མཛུབ་ཁྲིད་ཀྱི་བསམ་བློར་འགྲེལ་བརྗོད་གནང་བ་དང་། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་དང་བྱ་ཐབས་བཅས་ཁ་གསལ་པོས་བཏོན་ཏེ། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ནས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
       བོད་རིག་པ་ཞིབ་འཇུག་གི་ལས་དོན་པ་དང་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་ཀྱི་བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དང་། མཚེའུ་གཉིས་རྫོང་། ཤན་རྩ་རྫོང་སོགས་ཀྱི་གནས་སུ་ཡུལ་དངོས་རྟོག་ཞིབ་བྱ་བར་བསྐྱོད་དེ། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནི“མིའི་རིགས་ཀྱི་ལུས་ཁམས་ཀྱི་ཆེས་མཐར་སོན་པའི་ཚོད་ལྟ་བྱེད་ས་ཞིག”ཡིན་པ་དང་། གནས་འདིའི་གནམ་གཤིས་གདུག་རྩུབ་ཆེ་བས་ལས་བྱེད་པ་མང་ཚོགས་ཀྱིས་འཚོ་བ་རོལ་བར་དཀའ་ཁག་ཆེན་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་།  ལྷག་པར་དུ་མཚེའུ་གཉིས་རྫོང་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། གནས་འདི་ཡུལ་མཐའ་འཁོབ་ཏུ་ཡོད་པ་དང་འགྲིམ་འགྲུལ་ཡང་སྟབས་མི་བདེ་བ་དང་། ལོ་འཁོར་མོ་ཡུག་ཏུ་རླུང་གནོན་དམའ་ཞིང་གསོ་རླུང་གིས་མི་འདང་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཞན་པས་མིའི་རིགས་འཚོ་གནས་བྱེད་པར་དངོས་གནས་འཚམ་པོ་མི་འདུག དེར་མ་ཟད་མཚེའུ་གཉིས་རྫོང་ནི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད་ཅིང་།  དེར་མཁའ་རུ་འཕགས་པའི་གངས་རི་དང་འཁྱགས་ཀླུང་། སྐར་ཚོགས་ཀྱིས་བརྒྱན་པའི་མཚེའུ་དང་། མཐའ་ཡས་པའི་རྩྭ་ཐང་། གཙོད་དང་། འབྲོང་། རྐྱང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཞིག་ཡོད་པས། དེ་ནི་མིག་སྔར་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ་ཞིག་ཡིན་པ་དང་། གནས་འདིའི་སྣོད་བཅུད་ཧ་ཅང་ཉམས་ཞན་ཡིན་པས་གཏོར་བཤིག་ཕོག་ཚེ་སླར་གསོ་བྱེད་ཐབས་བྲལ་བའམ་ཡང་ན་སླར་གསོ་བྱེད་ཁག་པོ་ཡིན།
       དེར་བརྟེན། ད་ཐེངས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་གི་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་དོ་ཁུར་ཆེན་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་དགོས”ཞེས་པའི་བརྗོད་གཞི་བཏོན་ཏེ། དུས་རབས་གསར་པའི་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན་བཅས་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་མཐོ་སྒང་གི་སྣོད་བཅུད་ཤེས་དཔལ་གྱི་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2015ལོའི་ཟླ8པའི་ཚེས24ཉིན་ནས་ཚེས25ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དེ་པེ་ཅིང་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་ནས་མཚོ་བོད་མཐོ་སྒང་གི་མཁའ་རླུང་སྦགས་བཙོག་གི་འབྱུང་ཁུངས་དང་། ས་ཞིང་ས་རྒོད་ཅན་དུ་འགྱུར་བར་ཚོད་འཛིན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩྭ་ཐང་དང་། འདམ་ར། རང་བྱུང་གི་ནགས་ཚལ་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ”ཞེས་བསྟན་པ་དང་།  2016ལོའི་ཟླ་8པའི་ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས། “‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’”ནི་རྒྱལ་ཁབ་ཀྱི་ཚེ་སྲོག་གི་འབྱུང་རྩ་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལ་མཚོན་ན་གཙང་གསུམ་ཆུ་འགོར་སྲུང་སྐྱོབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།”ཞེས་བསྟན། ད་ལྟར་འཚོགས་མ་ཐག་པའི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་བས་ཁ་གསལ་པོའི་སྒོ་ནས“མཚོ་བོད་མཐོ་སྒང་གི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་བྱ་བར་བྱས་རྗེས་ཆེན་པོ་བཞག་པ་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བའི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ། སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་བབ་ཏུ་བཞག་ནས་མཐོ་སྒང་གི་རྩྭ་རྩི་ཤིང་དང་། རི་ཆུ་སྟོང་ཕྲག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། མཚོ་བོད་ས་མཐོ་འདི་རྒྱལ་ཡོངས་དང་། ཐ་ན་རྒྱལ་སྤྱིའི་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་དར་སྤེལ་གཏིང་ཟབ་བྱས་ཏེ་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་བྱས་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་ས་མཐོར་ཐེབས་པའི་ཤུགས་རྐྱེན་ཡང་དག་པའི་སྒོ་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་སྟེ། སྲུང་སྐྱོང་དང་། ཞིག་གསོ། བཅོས་སྐྱོང་གི་མ་ལག་ཇུས་གཞི་དང་ལས་གྲྭའི་བྱ་ཐབས་ལ་ཞིབ་འཇུག་བྱས་ཏེ་འདོན་དགོས། ཁ་གསབ་ཀྱི་རྣམ་པ་འཐུས་ཚང་དུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོའི་ལེགས་བཅོས་མཉམ་འབྲེལ་ཡོང་བར་སྐུལ་འདེད་བྱས་ཏེ། ཕྱོགས་སོ་སོའི་བརྩོན་སེམས་སྔར་བས་སྐུལ་སློང་བྱས་ནས་སྣོད་བཅུད་བཟང་པོ་མཉམ་སྐྲུན་དང་། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་པའི་འཁོར་རྒྱུག་བཟང་པོའི་ཕུགས་ཕན་གྱི་ལམ་སྲོལ་ཆགས་པ་བྱེད་དགོས”ཞེས་བསྟན།
       ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་གྱི་ལས་དོན་དང་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་གཉིས་ཟུང་འབྲེལ་བྱས་ནས“ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོས”ཀྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། འདི་ནི་མཚོ་བོད་མཐོ་སྒང་སྟེང་ས་བབ་ཀྱི་མཐོ་ཚད་སྨི5000ཡན་གྱི“ཚེ་སྲོག་གི་བཀག་འགོག་ཁུལ”གྱི་ཁྱབ་ཁོངས་སུ་འཚོ་བ་རོལ་བའི་མིའི་རིགས་ལ་དམིགས་ནས་དབུལ་སྐྱོར་གནས་སྤོས་བྱས་པའི་སྲིད་ཇུས་ཤིག་ཡིན། 2018ལོའི་ཟླ6པར། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་རྒྱ་གླིང་སྐྱ་གདུང་གྲོང་ཚོ་དང་གཙང་ཆུ་གྲོང་ཚོ་གཉིས་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི5000མཚམས་ནས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་གནས་སྤོས་བྱས་པ་རེད། 2019ལོའི་ཟླ12པར། མཚོ་གཉིས་རྫོང་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་མ་ཤང་བཅས་ཀྱི་འབྲོག་པ་མང་ཚོགས་རྣམས་གཅིག་གྱུར་གྱིས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རི་གྲོང་ཚོར་གནས་སྤོས་བྱས་ཤིང་། བཀོད་སྒྲིག་བྱ་སའི་གནས་དེ་ནི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་3600ཟིན་པའི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་ཡོད་པ་དང་། སྲིད་གཞུང་གིས་གཅིག་གྱུར་གྱིས་སྡོད་ཁང་བཟོ་སྐྲུན་བྱས་ཏེ་ཆུ་གློག་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གནས་སྤོས་མང་ཚོགས་ཀྱིས་ཐག་ཉེ་ས་ནས་འདེབས་འཛུགས་དང་གསོ་སྤེལ་ལས་སྣོན། ཚོང་དོན་ཟོག་འགྲེམས། ཁྱིམ་ལས་ཞབས་ཞུ། གྲོང་ལས་དོ་དམ། ཡུལ་སྐོར་ཞབས་ཞུ་སོགས་དབུལ་སྐྱོར་ཐོན་ལས་ཀྱི་ལས་གནས་གཉེར་བར་ཁྲིད་སྟོན་བྱས་ཏེ། སྣོད་བཅུད་གནས་སྤོས་ཡུལ་མིའི་ཐོན་སྐྱེད་ཀྱི་འཚོ་བའི་ཆ་རྐྱེན་ཤུགས་ཆེན་པོས་ཇེ་ལེགས་སུ་བཏང་ནས་ཁོ་ཚོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཀྱི་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད་པ་རེད། “ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོས”ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། བོད་བྱང་ཐང་གི་འབྲོག་པར་དབུལ་སྐྱོར་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་བྱེད་པའི་གཉིས་ཁེའི་དམིགས་ཚད་མངོན་འགྱུར་བྱུང་བ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ཞིང་། དེས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
       སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པའི་ནང་དོན་གལ་ཆེན་ཡིན་ཞིང་། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བོད་ལྗོངས་ཀྱི་ལས་དོན་ཁྲོད་ཀྱི་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ”དང“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱེད་པ”ཡི་འདུ་ཤེས་བརྟན་པོ་བཙུགས་ནས་མཐོ་སྒང་གི་སྲོག་ལྡན་རྩི་ཤིང་དང་། རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་པར་འབད་བརྩོན་བྱེད་དགོས།