དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྲིད་ཇུས་གསལ་འགྲེལ།

ལེན་ཞང་མེན་གྱིས་འགྱུར་དང་མི་འགྱུར་ནི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་བལྟ་བའི་གལ་ཆེའི་ཚད་གཞི་ཞིག་ཡིན་ཞེས་བསྟན།

---ཆེད་མཁས་པས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྐོར་གླེང་བ།

སྤེལ་དུས 2020-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
       “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ”དང་། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ”“རང་བྱུང་ཚན་རིག་དང་ཞིང་ལས་སྨན་པ་སོགས་ཧ་ཅང་དཀོན་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ”“འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བཅོས་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་ཁྱབ་གདལ་གཏོང་བ”སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། མིག་སྔའི་བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློར་འགྲེལ་བཤད་གནང་བ། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་དང་སྲིད་ཇུས། བྱེད་ཐབས་བཅས་ཁ་གསལ་པོར་བཟོས་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ལྡན་ལ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། 
       “ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དེ་དོན་དངོས་ཐོག་བོད་ལྗོངས་སྐྱོང་བའི་ལམ་སྲོལ་གལ་ཆེན་ཞིག་ཏུ་གྱུར་ཡོད། 1980ལོ་ནས་བཟུང་ལོ་ངོ40རིང་གི་འཕེལ་རྒྱས་བརྒྱུད་དེ། བཞུགས་མོལ་ཚོགས་འདུ་དེ་གནས་སྐབས་རང་བཞིན་ནས་ལུགས་སྲོལ་རང་བཞིན་ཅན་དུ་གྱུར་པ་རེད།”ཅེས་ཀྲུང་གོའ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་ཞིབ་འཇུག་པ་ལེན་ཞང་མེན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། “དོན་དངོས་ཐོག་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་ཐེངས་གཉིས་པའི་སྐབས་སུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་མིང་ཐོག་ནས་འཚོགས་པ་ཡིན་ཞིང་། ཐེངས་གསུམ་པ་ནས་བཟུང་ཏང་ཀྲུང་དབྱང་གིས་འཚོགས་པ་རེད།”ཅེས་བཤད། ལེན་ཞང་མེན་གྱི་ངོ་སྤྲོད་གནང་དོན། ད་ལྟའི་བཞུགས་མོལ་ཚོགས་འདུའི་གཞི་རྩའི་ཁྱད་ཆོས་ནི་གལ་ཆེ་བའི་དུས་སྐབས་སུ་ཚོགས་འདུ་བསྡུས་ཤིང་། བོད་སྐྱོང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་། མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། མཐར་བོད་ལྗོངས་ལ་དམིགས་པའི་སྲིད་ཇུས་མ་ལག་ཆ་ཚང་བ་ཞིག་གཏན་འབེབས་བྱས་པ་རེད། 
       “ཐེངས་འདིའི་ཚོགས་འདུ་ནི་དོན་དངོས་ཐོག་རང་རེའི་ཏང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་པ་ནས་བཟུང་། ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་གྱི་བོད་སྐྱོང་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན་པས། མཛུབ་ཁྲིད་བསམ་བློ་དང་བཅོས་སྐྱོང་ཐབས་ཇུས་བཅས་ཀྱི་ཐད་ནས་ལེགས་ཆ་གཅིག་སྡུད་བྱས་ཡོད་པ་ཞིག་རེད་ཅེས་བརྗོད་ཆོག”ལེན་ཞང་མེན་གྱིས་མུ་མཐུད་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་སྔ་ཕྱི་རྒྱུན་མཐུད་པའི་དོན་སྙིང་གལ་ཆེན་ལྡན་པ་སྟེ། གཅིག་ནས་སྔོན་ཆད་ཀྱི་རྒྱུན་བཟུང་ཡོད་ལ། གཉིས་ནས་གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་བླངས་ཡོད་པ་མ་ཟད།  རིགས་པའི་གཞུང་ལུགས་ཐད་ལའང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་པ་བཞིན་འཚོགས་པ་དེས་དོན་དེ་མངོན་པར་མཚོན་ཡོད་ལ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་བསྟན་ཡོད། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར། དེ་མིན་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་བསམ་རུང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཡོད། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན།
       ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ1980ལོ་ནས་མགོ་བཙུགས་ཏེ། ལོ་ངོ40ཡི་རིང་དུ་འཕེལ་རྒྱས་དང་འགྱུར་ལྡོག་གང་འདྲ་ཡོད་པའི་སྐོར་གླེང་སྐབས། ལེན་ཞང་མེན་གྱིས་བཤད་རྒྱུར།“འགྱུར་དང་མི་འགྱུར་ནི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་བལྟ་བའི་གལ་ཆེའི་ཚད་གཞི་ཞིག་ཡིན། དཔེར་ན་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་‘ངེས་པར་དུ་བྱེད་དགོས་པ་དྲུག’གི་ཐོག་ནས་ཏང་གི་བོད་སྐྱོང་ཐབས་ཇུས་ཁ་གསལ་པོ་བཟོས་ཡོད། ལོ་ལྔ་སོང་རྗེས་ཀྱི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་‘ངེས་པར་དུ་བྱེད་དགོས་པ་བཅུ’ཡི་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་འདི་ནི་རང་རེའི་ཏང་གིས་བོད་ལྗོངས་ཀྱི་ལས་དོན་གྱི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་གཏོང་རྒྱུར་དམིགས་ཏེ། བོད་ལྗོངས་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་བོད་དར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་གྲུབ་པ་ཞིག་རེད། མ་འགྱུར་བ་ནི་བརྗོད་སྟངས་ཀྱི་ཐད་ནས་འགྱུར་ལྡོག་ཁ་ཤས་བྱུང་ཡོད་མོད། འོན་ཀྱང་ཐེངས་དང་པོ་ནས་བཟུང་རྒྱུན་འཁྱོངས་བྱས་པ་མང་པོ་ཞིག་འགྱུར་བ་གཏན་ནས་བྱུང་མེད་དེ། དཔེར་ན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་འགྱུར་ལྡོག་གཏན་ནས་བྱུང་མེད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད།”ཅེས་བརྗོད་པ་དང་། ལེན་ཞང་མེན་གྱིས་མུ་མཐུད་ངོ་སྤྲོད་བྱས་པར། སྤྱིའི་ཆ་ནས་བལྟས་ན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་རང་བཞིན་ལྡན་པའི་ཁྱད་ཆོས་ཤིག་རེད་ཅེས་བསྟན།
       དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཇི་ལྟར་བྱེད་པ། བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཇི་ལྟར་གཏོང་བ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་བཅས་ཇི་ལྟར་མངོན་འགྱུར་བྱེད་དམ།  དེའི་སྐོར་ལ་ལེན་ཞང་མེན་གྱིས་བསྟན་དོན། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ནང་གནས་ཀྱི་གཏན་ཚིགས་རིགས་ལམ་ཀྱི་ཐད་ནས་ཆོད་གཏམ་གལ་ཆེན་འདིའི་གོ་བ་ལོན་པར་བྱས་ཚེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དེ་ཇེ་ལེགས་སུ་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བསྟན། ལེན་ཞང་མེན་གྱིས་བརྗོད་དོན། “ང་ཚོའི་ཏང་གིས་བྱ་གཞག་ཁག་གི་ཇུས་ཐག་གཅོད་པའི་སྲོག་ཤིང་དང་བཀོད་འདོམས་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཚང་མ་ནི་ཏང་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་འོག་བཀོད་སྒྲིག་བྱས་པ་ཞིག་ཡིན་པས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ས་གནས་ཁག་དང་སྡེ་ཚན་ཁག་ཚང་མས་ངེས་པར་དུ་ཇི་མ་ཇི་བཞིན་ལག་བསྟར་བྱེད་དགོས་ལ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ‘ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བྱེད་པ། ‘ཕྱོགས་ཡོངས་བཞིའི’ཐབས་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གོམ་པ་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛུགས་པར་སྐུལ་འདེད་གཏོང་དགོས”ཞེས་བཤད།