དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > ལོ་གསར་རིག་གནས།

ལོ་གསར་གྱི་མཁོ་ཆས་རྩེ་སྒྲོ་བཟོ་བའི་བརྒྱུད་རིམ།

སྤེལ་དུས 2020-02-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          རྩེ་སྒྲོ་ནི་བོད་ཀྱི་ལོ་གསར་སྐབས་ངེས་པར་དུ་མཁོ་བའི་དངོས་པོ་ཞིག་ཡིན་ལ། དེ་ནི་གྲོ་སོ་ཕྱེ་མར་ལ་མཁོ་བའི་མར་རྒྱན་བཏང་བའི་བརྐོས་བཟོའི་ཐོན་དངོས་ཤིག་རེད། ད་ལྟའི་ཁྲོམ་རར་ཅུ་གང་དང་ཤིང་བརྐོས་བཟོས་པའི་རྩེ་སྒྲོ་ཡོད་ཀྱང་། སྲོལ་རྒྱུན་གྱི་མར་རྒྱན་ལས་བཟོས་པ་དང་སྡུར་ཐབས་གཏན་ནས་མེད་པས། མང་ཚོགས་ཀྱིས་མར་རྒྱན་ལས་བཟོས་པའི་རྩེ་སྒྲོར་དགའ་མོས་ཆེན་པོ་བྱེད།

          ཚོན་མདངས་སྣ་ཚོགས་ཀྱི་མར་རྒྱན་ལས། ཁྱེད་ཀྱི་ཡིད་དབང་འཕྲོག་ཐུབ་པའི་རྩེ་སྒྲོ་ཡག་ཤོས་ཤིག་བཟོ་ཐུབ།
          བརྟག་དཔྱད་བྱས་པ་བརྒྱུད་མིག་སྔར་ལྷ་སའི་ཁྲོམ་རར་མེ་ཏོག་མཆོད་པ་60%ལྷག་ཙམ་ནི་རིན་སྤུངས་ནས་ཐོན་པ་ཤ་སྟག་རེད། རིན་སྤུངས་ཀྱི་མེ་ཏོག་མཆོད་པ་ངོ་མཚར་ཧ་ཅང་ཆེ་བས་ཡུལ་གང་སར་སྐད་གྲགས་ཆོད་པ་དང་། “མེ་ཏོག་མཆོད་པ”བཞེངས་རྩལ་ལ་ད་བར་དུ་ལོ་བཞི་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2009ལོར་བོད་རང་སྐྱོང་ལྗོངས་ཀྱི་མེ་ཏོག་མཆོད་པའི་ཚོང་རྟགས་ཐོག་མ“འཁར་རྔ་འབུམ་པའི་མེ་ཏོག་མཆོད་པ”ཞེས་པ་ཐོ་འགོད་བྱས་པ་རེད།

          སྲོལ་རྒྱུན་ལག་ཤེས་མི་ཉམས་དར་སྤེལ་བྱེད། དངུལ་སྨར་ཡོང་འབབ་ཡོང་བར་གདོན་མི་ཟ།
          ལོ་གསར་གོང་གསར་འགོད་པས་ཆེད་མངགས་ལྷ་སའི་གྲོང་ཁུལ་དུ་ཡོད་པའི་རིན་སྤུངས་ཀྱི་རྩེ་སྒྲོ་བཟོ་ས་ཞིག་ཏུ་བསྐྱོད་དེ། རྩེ་སྒྲོ་བཟོ་བའི་བརྒྱུད་རིམ་པར་ལེན་བྱས་པ་ཡིན། ང་ཚོ་རྩེ་སྒྲོ་བཟོ་སར་སླེབས་སྐབས་ལས་དོན་མི་སྣས་བློ་རྩེ་གཅིག་སྒྲིམ་ངང་རྩེ་སྒྲོ་བཟོ་བཞིན་ཡོད་པ་དང་། ཁོང་རྣམས་པའི་མདུན་དུ་ཚོན་མདོག་སྣ་མང་གི་མར་རྡོག་མང་པོ་ཞིག་བཞག་འདུག ཁོང་ཚོས་ཚོན་མདོག་བཅུ་ཕྲག་ལྷག་ཙམ་ཡོད་པའི་མར་རྡོག་ལས་སྟངས་སྟབས་བརྒྱ་ངོམ་གྱིས་མི་ཚེ་རིང་དང་། རི་དྭགས། རྩྭ་རྩི་ཤིང་སོགས་གསོན་ཉམས་དོད་ལ་ཚོན་མདོག་རྣམ་པར་བཀྲ་བའི་རྩེ་སྒྲོ་བཟོ་བཞིན་མཆིས།

          ལོ་གསར་འཆར་ཉེར་ཁྲོམ་རར་རྩེ་སྒྲོ་བྲིན་ཁ་རྒྱུག་པས། རྩེ་སྒྲོ་འཚོང་མཁན་ལ་ཡོང་འབབ་མང་པོ་ཡོང་གི་ཡོད། དེར་བརྟེན་རྩེ་སྒྲོའི་སྤུས་ཚད་གཙོ་བོ་ཞིག་ཏུ་གྱུར་ཡོད། འདི་ནི་རྩེ་སྒྲོ་བཟོ་མཁན་ཚོས་ནན་ཏན་ངང་རྩེ་སྒྲོ་བཟོས་ནས་སྤུས་ཚད་ཡག་ཤོས་ཁྲོམ་རར་མཁོ་འདོན་བྱེད་བཞིན་ཡོད།
          མཉམ་ལས་དུད་ཚང་གི་འཐུས་མི་ཉི་མ་ཚེ་རིང་གིས་གསར་འགོད་པར་ཁོང་ཚོའི་རྩེ་སྒྲོ་བཟོ་མཁན་གྱི་མཉམ་ལས་ཚོགས་པ་དུད་ཚང་གསུམ་ལས་གྲུབ་པ་ཞིག་ཡིན་པ་དང་། ཚང་མ་རིན་སྤུངས་རྫོང་ཕུ་གསུམ་ཤང་མདོ་སོག་གྲོང་ཚོ་ནས་ཡིན་པས། ལོ་ལྟར་བོད་ཀྱི་ལོ་གསར་དང་སོ་ནམ་ལོ་གསར་མ་འཆར་གོང་ལྷ་ས་དང་གཞིས་རྩེ་སོགས་སུ་རྩེ་སྒྲོ་འཚོང་བར་འགྲོ་ཡི་ཡོད། ད་སྐབས་མི་གཅིག་གིས་ཉིན་གཅིག་ལ་རྩེ་སྒྲོའི་མར་རྒྱན་རྒྱས་པ་བཞེངས་པའི་གྲངས་ཚད་དེ་20ལྷག་ཙམ་དང་སྟབས་བདེ་བཞེངས་པའི་གྲངས་ཚད་དེ་30 ལྷག་ཙམ་བཟོ་ཐུབ་ཀྱི་འདུག ཁྲོམ་རར་རྩེ་སྒྲོ་གཅིག་ལ་རིན་གོང་སྒོར་50ནས་180བར་རག་ཐུབ་ལ། ཕ་ཡུལ་དུ་ཞིང་ལས་སོགས་བྱས་པའི་ལོ་འཁོར་མོའི་ཡོང་འབབ་ལས་ཟླ་ཤས་ནང་རྩེ་སྒྲོ་བཙོངས་པའི་ཡོང་འབབ་མང་བ་འདུག་ཅེས་བཤད་བྱུང་།

          བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ལྷ་སའི་སྲང་ལམ་གང་སར་རྩེ་སྒྲོ་འཚོང་མཁན་མང་པོ་ཞིག་མཐོང་རྒྱུ་ཡོད་ཅིང་། ཁོང་ཚོས་ལག་ཏུ་ཤིང་བྱང་ཆུང་ངུའི་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་མར་རྒྱན་ལས་གྲུབ་པའི་འབུར་གཟུགས་ཀྱི་སྒྱུ་རྩལ་རི་མོ་འཁྱེར་ཡོད་པ་དང་། རི་མོ་དེ་དག་གི་ནང་དོན་ནི་མཐུན་པ་སྤུན་བཞི་དང་། བཀྲ་ཤིས་རྟགས་བརྒྱད། ཚེ་རིང་རྣམ་དྲུག་སོགས་བཀྲ་ཤིས་སྨོན་འདུན་མཚོན་པའི་རི་མོ་ཤ་སྟག་རེད།
          མཉམ་ལས་དུད་ཚང་གི་འཐུས་མི་ངག་དབང་གིས“རྩེ་སྒྲོ་བཟོ་བར་སྤྱིར་ན་གོ་རིམ་གསུམ་ཡོད་དེ། དང་པོ་པང་ལེབ་བཟོ་བ་དང་། གཉིས་པ་མར་ལ་ཚོན་སྡེབ་པ། གསུམ་པ་ལག་པས་དཔེ་རིས་སྣ་ཚོགས་བཟོ་བ་བཅས་རེད། རྩེ་སྒྲོ་བཟོ་བར་མཁོ་བའི་མར་ནི་དཔེ་རིས་ཀྱི་གཟུགས་དབྱིབས་ལ་གཞིགས་ནས་གཏན་འཁེལ་བྱེད་པ་དང་། སྤྱིར་བཏང་བྱས་ན། མར་རྒྱ་མ་གང་གིས་རྩེ་སྒྲོ་ཅུང་ཆེ་བ་གཉིས་ཙམ་ལས་བཟོ་ཐུབ་ཀྱི་མེད་”ཅེས་ངོ་སྤྲོད་བྱས་བྱུང་།