དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

ད་ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་སྐོར་གྱི་བརྡ་ཐོ།

སྤེལ་དུས 2020-02-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
2020ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོ་འཇོག་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོ། 
        གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ།
        《རྒྱལ་ཡོངས་ཀྱི་ལོ་གསར་དང་། དུས་ཆེན། དྲན་གསོའི་ཉིན་མོར་ངལ་གསོ་འཇོག་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས》ཀྱི་གཏན་འབེབས་ཀྱི“གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ནི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཁག་གི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་སོ་སོའི་གོམས་སྲོལ་ལྟར་ངལ་གསོའི་དུས་ཚོད་གཏན་འཁེལ་བྱེད་དགོས”པའི་དགོངས་དོན་ལྟར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་རྗེས། ད་ལྟ་2020ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་དུས་ཚོད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ། 
        2020ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་ཉིན་7འཇོག་རྒྱུ་ཡིན་ཞིང་། དེ་ཡང་། ཟླ་2ཚེས་23ཉིན་ནས་ཟླ་2ཚེས་29ཉིན་བར་རེད། ཟླ་2ཚེས་22ཉིན(གཟའ་སྤེན་པ)དང་ཟླ་3ཚེས་1ཉིན(གཟའ་ཉི་མ)ལ་རྒྱུན་གཏན་ལྟར་ལས་ཀར་འགྲོ་དགོས། 
        ཚན་པ་ཁག་གིས་ལས་རེས་དང་བདེ་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འཕྲད་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་འབྲེལ་ཐག་གཅོད་འོས་འཚམ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཞི་མཐུན་དང་དུས་བདེའི་དུས་ཆེན་གཏོང་བར་འགན་ལེན་བྱེད་དགོས།
        བརྡ་ཐོ་འདི་ཆེད་དུ་བཏང་བ་ཡིན། 
        ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་ནས།
        2020ལོའི་ཟླ་2ཚེས་19ཉིན
རྩོམ་སྒྲིག་པ།སྣང་རྡོར།