དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

ས་ཆ་འདི་དག་ལ་ལོ་གསར་རིང་མི་མང་རུབ་ནས་རླུང་དར་གཏོང་ཆོག་གི་མི་འདུག

སྤེལ་དུས 2020-02-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་མི་དམངས་སྲིད་གཞུང་།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུད་མི་དམངས་སྲིད་གཞུང་།
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་།
སྤྱི་བསྒྲགས།
          མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་རིམ་དུ་གནས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འབོད་སྐུལ་རིམ་པ་དང་པོ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་གཞིར་བཟུང་། མཉམ་འགོག་མཉམ་བཅོས་དང་ཁྲིམས་ལྟར་འགོག་བཅོས་བྱེད་པའི་རྩ་དོན་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཏན་ཏན་ཏིག་ཏིག་བྱས་ཏེ། བོད་ཀྱི་ལོ་གསར་རིང་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གང་ལེགས་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུད་མི་དམངས་སྲིད་གཞུང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཟབ་ནན་ངང་ཞིབ་འཇུག་གིས་གཏན་འབེབས་བྱས་དོན།
          བོད་ཀྱི་ལོ་གསར་རིང་། འདུ་འཛོམས་རང་བཞིན་ལྡན་པའི་སྒོ་ནས་དར་ལྕོག་འཛུགས་པ་དང་བསང་གཏོང་བའི་བྱེད་སྒོའི་ནང་མང་ཚོགས་ཞུགས་མང་བ་དང་ས་ཁོངས་ཡོལ་ནས་འགྲུལ་བཞུད་བྱེད་ཤུགས་ཆེ་བ། དུས་ཡུན་རིང་བ་བཅས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཤིག་ཡིན་པས་ཕན་ཚུན་ནད་ཡམས་འགོ་བ་དང་ནད་ཡམས་མཆེད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་བརྟེན་༢༠༢༠ལོའི་བོད་ཀྱི་ལོ་གསར་རིང་ཁྲེང་ཀོན་ཆུད་རྔ་ཆེན་ཤང་རྔ་ཆེན་ལ་དང་རྔ་ཆེན་དཔལ་རོང་ཆུ་རྐ། ཚལ་གུང་ཐང་ཤང་ཀུ་རུ་ཟམ་པའི་ལྷོ་ངོས། སྟག་རྩེ་རྫོང་ས་ཁོངས་ཀྱི་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོའི་ངོགས་ཀྱི་རྔ་ཆེན་ལ། འདམ་གཞུང་རྫོང་ཁོངས་གཉན་ཆེན་ཐང་ལྷ། རིན་ཆེན་སྤུངས་པ། སྙིང་རི། འདམ་ཆུ་ཁ་གྲོང་རྡལ་སེར་ཁྱིམ་བསྟན་ཁང་། དབུ་མ་ཐང་ཤང་ཀོ་གཉེར་སྒར་པ། ལྕོག་རྩེ་ལ། མཆོད་རྟེན་བརྒྱད་སྒྲིག ལུང་རིང་ཤང་ཀོ་ཁྱིམ་སྒར་པ། གཡང་ར་མ་ཎི་འཁོར་ཆེན། རྒྱས་དར་ཤང་ཨུ་རུ་འབུམ་པ། ཀོང་ཐང་ཤང་སྦྲ་ཁ་འདམ། གནམ་མཚོ་ཤང་སེར་སྡེ་དགོན། ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་སོགས་སུ་དར་ལྕོག་འཛུགས་པ་དང་བསང་གསོལ་བྱེད་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རྣམས་མཚམས་འཇོག་བྱ་རྒྱུ་ཡིན།
          རྒྱ་ཆེའི་མི་དམངས་མང་ཚོགས་ལྷན་རྒྱས་ནས་དགོངས་བཞེས་དང་རྒྱབ་སྐྱོར་ཡོད་པ་ཞུ་རྒྱུ་མ་ཟད། ཕན་ཚུན་ལན་སྤྲོད་གནང་ཡོད་པ་ཞུ།
          དེ་དོན་སྤྱི་བསྒྲགས་འདི་སྤེལ་བ་ཡིན།