དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་དང་སྒོ་འགྲམ་དུ་དམངས་ཕན་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ།

སྤེལ་དུས 2020-02-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
         རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མི་སྣ་འགྲོ་སྐྱོད་བྱེད་ཚད་ཉུང་དུ་གཏོང་བ་དང་དུས་མཚུངས་བོད་ཀྱི་ལོ་གསར་རིང་ལོ་གསར་གྱི་མཁོ་ཆས་མཁོ་འདོན་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཀུང་སིས་དམངས་ཕན་ཐད་ཚོང་ས་ཚིགས་དང་སྐོར་སྐྱོད་བྲིན་ཚོང་རླངས་འཁོར་སོགས་བརྒྱུད་གྲོང་མིར“ལོ་སར་མེ་ཏོག”དང་མེ་ཏོག་མཆོད་པ།  “སྡེར་ཁ”སོགས་ལོ་གསར་གྱི་མཁོ་ཆས་མཁོ་འདོན་བྱས་ཡོད་ཅིང་། ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་གྱི་མང་ཚོགས་ཀྱིས་རང་ཁྱིམ་དང་ཐག་ཉེ་ཤོས་ཀྱི་དམངས་ཕན་བྲིན་ཚོང་ས་ཚིགས་སམ་ཡང་ན་སྐོར་སྐྱོད་རླངས་འཁོར་ལས་ལོ་གསར་གྱི་མཁོ་ཆས་དང་དེ་བཞིན་འཚོ་བའི་མཁོ་ཆས་ཉོས་ཆོག་པ་རེད། 
         ཁ་ཟས་དང་ལོ་སར་མེ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་ཆ་ཚང་འཛོམས་པོ་ཡིན་པ། 
         ཟླ2པའི་ཚེས16ཉིན། གསར་འགོད་པས་གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཐད་ཚོང་ས་ཚིགས་སུ་སྔོ་ཚལ་སྣ་ཚོགས་དང་ཁ་ཟས། ཤིང་ཏོག་སྐམ་པོ། ལོ་སར་མེ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཡོད་པ་མཐོང་བྱུང་། གྲོང་མི་པད་མ་སྒྲོལ་མས་གསར་འགོད་པར་རང་ཉིད་ཀྱི་ལུས་པོ་བདེ་ཐང་མེད་པས་བུ་ཕྲུག་གིས་རང་ཉིད་གཅིག་པུ་ཕྱིར་འགྲོ་རྒྱུར་བློ་བདེ་བོ་མི་འདུག་མོད།  ད་ཆ་རང་ཁྱིམ་གྱི་སྒོ་འགྲམ་དུ་འཚོང་རྒྱུ་ཡོད་འདུག “བུ་ཕྲུག་དུས་རྒྱུན་ལས་ཀར་བྲེལ་བ་ཆེ་བས་ལོ་གསར་གྱི་མཁོ་ཆས་ཉོ་ཁོམ་མེད་ལ། ང་གཅིག་པུ་ཉོ་རུ་འགྲོ་སྐབས་ཁོ་མོ་བློ་བདེ་པོ་མི་འདུག ད་ལྟ་བློ་བདེ་མོ་བྱས་ཆོག སྒོ་ཁར་ཡོད་པས་ཤིན་ཏུ་སྟབས་བདེ་རེད”ཅེས་པད་མ་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད། 
         ཁྲེང་ཀོན་ཆུས་ས་གཙང་ཀུང་སིའི་བཀྲ་ཤིས་བསོད་ནམས་ཀྱིས་གསར་འགོད་པར“གྲོང་མིའི་ཉོ་སྒྲུབ་དགོས་མཁོ་སྐོང་ཆེད། གྲོང་ཁྱེར་མ་འཇོག་སྤྱི་ཁྱབ་ཀུང་སིས་ལྷ་སའི་ཉེ་འཁོར་གྱི་རྫོང་དང་ཆུས་ཀྱི་མཉམ་ལས་ཁང་དང་གྲོང་མིའི་སར་ནས་ཁ་ཟས་དང་ལོ་སར་མེ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་ཉོས་པ་དང་འབྲེལ་ཉིན་རེར་མཛོད་ཉར་གསར་བརྗེས་བྱས་ནས་དངོས་ཟོག་འདང་ངེས་ཡོང་པར་འགན་ལེན་བྱས་ཡོད”ཅེས་ཟེར།
         “ང་ཚོས་ཆེད་མངགས་རླངས་འཁོར8བཀོད་སྒྲིག་གིས་ཐད་ཚོང་ས་ཚིགས་63ལ་ཚོང་ཟོག་མཁོ་འདོན་བྱེད་པར་བསྐྱོད་དེ་དངོས་ཟོག་ཟམ་མི་ཆད་པར་མཁོ་འདོན་བྱས་པ་མ་ཟད། ད་དུང་ལོ་གསར་གྱི་མཁོ་ཆས་རླངས་འཁོར་གཉིས་ཆེད་མངགས་ཀྱིས་དུད་ཚང་མང་བའི་གཞིས་ཁུལ་དུ་ལོ་གསར་གྱི་མཁོ་ཆས་འཚོང་གི་ཡོད། རྣམ་པ་འདི་རིགས་ནི་གྲོང་མིའི་དགོས་མཁོ་དང་བསྟུན་ནས་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འབྱུང་སྲིད་ཅིང་། དགོས་མཁོ་ཡོད་པའི་གཞིས་ཁུལ་གྱིས་ཐད་ཀར་ང་ལ་འབྲེལ་བ་བྱས་ཆོག་སྟེ།  ཨང་གྲངས་སྔ་ས་ནས་ཁྱབ་བསྒྲགས་བྱས་ཡོད་ལ་ཉིན་རེ་བཞིན་ཁ་པར་རྒྱག་རྒྱུ་མཚམས་ཆད་ཀྱི་མི་འདུག”ཅེས་བཀྲ་ཤིས་བསོད་ནམས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་བྱུང་། 
         ལོ་གསར་མཁོ་ཆས་ཡོང་ཁུངས་ཕུན་སུམ་ཚོགས་ལ་རིན་གོང་བརྟན་པོ་ཡོད་པ། 
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་དམངས་ཕན་ཐད་ཚོང་ས་ཚིགས63དང་སྐོར་སྐྱོད་ཐད་ཚོང་རླངས་འཁོར9ཡོད་པ། ལོ་གསར་གྱི་དངོས་ཟོག་ཆེད་སྤྲོད་རླངས་འཁོར2 རིན་གོང་དམའ་པོས་ཐད་ཚོང་རླངས་འཁོར3  སྐོར་སྐྱོད་རླངས་འཁོར8བཅས་ཡོད་པ་དང་། བོད་ཀྱི་ལོ་གསར་རིང་རྒྱུན་གཏན་བཞིན་ཚོང་གཉེར་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་དངོས་ཟོག་ཡོང་ཁུངས་ཕུན་སུམ་ཚོགས་ལ་རིན་གོང་བརྟན་པོ་ཡོད་པ་རེད། དགོས་མཁོ་ཡོད་པའི་གྲོང་མི་དག་གིས་སྐོར་སྐྱོད་མཁོ་སྤྲོད་ཐད་ཚོང་འབྲེལ་གཏུག་ཁ་པར་ཏེ། བཀྲ་ཤིས་བསོད་ནམས18289190009ལ་འབྲེལ་བ་བྱས་ཆོག་པ་རེད། 
         དམངས་ཕན་བྲིན་ཚོང་ས་ཚིགས་ཀྱིས་ཉིན་རེར་ཚོང་གཉེར་དུས་ཚོད་ནི་ཞོགས་པའི་ཆུ་ཚོད9པ་ནས་ཕྱི་དྲོའི་ཆུ་ཚོད7པའི་བར་ཡིན་ཏེ། ཁྱོན་བསྡོམས་ས་ཚིགས63ཡོད། སྐོར་སྐྱོད་ཐད་ཚོང་མཁོ་འདོན་བྱ་ཡུལ་གྱི་གྲོང་ཤར་ས་ཁོངས་ཀྱི་གར་པ་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དང་རྣམ་གསལ་གཞིས་ཁུལ་བཅུ་གཅིག་པའི་སྒོ་འགྲམ། བདེ་སྡོད་གཞིས་ཁུལ་བརྒྱད་པའི་སྒོ་འགྲམ། ལྡུམ་རའི་གླིང་གཞིས་ཁུལ་གཉིས་པའི་སྒོ་འགྲམ་བཅས་དང་། གྲོང་ནུབ་ས་ཁོངས་སུ་འདམ་པ་གྲོང་ལྷན་གྱི་སྒོ་འགྲམ་དང་ཁ་བཏགས་གཙང་པོའི་གཞིས་ཁུལ་གྱི་སྒོ་འགྲམ། རྒྱ་མཚོ་གྲོང་ལྷན་གྱི་སྒོ་འགྲམ། ནོར་སྟོད་གྲོང་ལྷན་གྱི་སྒོ་འགྲམ་བཅས་ཡིན། གྲོང་ལྷོ་ས་ཁོངས་ཀྱི་དར་དམར་གཞིས་ཁུལ་གྱི་སྒོ་འགྲམ་དང་སྣེའུ་མཚོ་གཙང་གསལ་གཞིས་ཁུལ་གྱི་སྒོ་འགྲམ། གོང་བུ་ཐང་གཞིས་ཁུལ་གྱི་སྒོ་འགྲམ། ཉི་མ་གླིང་ཕྲན་གྱི་ཨར་ཁང་ཆེ་མོའི་ལམ་མདོ་བཅས་ཡིན། གྲོང་བྱང་ས་ཁོངས་ཀྱི་དབེན་པ་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དང་སྦྱར་གཞི་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ། དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་སྒོ་འགྲམ། བདེ་སྡོད་གཞིས་ཁུལ་བཅུ་གཅིག་པ་བཅས་སུ་ཡོད་པ་རེད། 
         “སྐོར་སྐྱོད་བརྒྱུད་རིམ་ནང་གྲོང་མིའི་དགོས་མཁོ་མི་འདྲ་བའི་དབང་གིས་རླངས་འཁོར་འབྱོར་བའི་དུས་ཚོད་ཐག་ཆོད་གསལ་པོ་བྱེད་མི་ཐུབ་ཕྱིར། ད་ལྟ་ང་ཚོས་གནས་གཏན་འཁེལ་གྱི་དུས་ཚོད་གཏན་འཁེལ་བྱས་མེད། ང་ཚོའི་ཐད་ཚོང་རླངས་འཁོར་ཕྱིར་ཚོང་བྱ་ཡུལ་དུ་སླེབས་སྐབས་སྡེ་ཁུལ་གྱི་ལས་མི་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་གྲོང་མི་ཕྱིར་ཉོ་སྒྲུབ་བྱེད་པར་ཡོང་རྒྱུའི་བརྡ་ཐོ་གཏོང་ངེས་པས།  གྲོང་མིས་སྔ་ཙམ་དུ་སྒུག་ནས་དུས་ཚོད་འཕྲོ་བརླག་མི་གཏོང་བ་བྱེད་ཀྱི་ཡོད”ཅེས་བཀྲ་ཤིས་བསོད་ནམས་ཀྱིས་དེ་སྐད་བཤད་བྱུང་།