དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

ད་ལོའི་ལོ་གསར་ལ་ལྷ་སའི་ས་ཆ་འདི་ཚོར་ཤོག་སྦག་སྤར་ཆོག་གི་མི་འདུག

སྤེལ་དུས 2020-02-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          2020ལོའི་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤོར་བའི་རིགས་བཀག་སྡོམ་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས།
          མིག་སྔར། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འགག་རྩའི་དུས་ཡིན་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་སྤོར་རིགས་བཀག་སྡོམ་བྱེད་རྒྱུའི་གཏན་འབེབས་གཞིར་བཟུང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་ཏན་ཏིག་དང་2020ལོའི་བོད་ཀྱི་ལོ་གསར་རིང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གང་ལེགས་སྒྲུབ་ཆེད།  ད་ལྟ་བོད་ཀྱི་ལོ་གསར་རིང་(སྤྱི་ལོ་2020ལོའི་ཟླ་2ཚེས་22ཉིན་ནས་ཟླ་2ཚེས་29ཉིན་བར)ཤོག་སྦག་སྤོར་རིགས་བཀག་སྡོམ་བྱེད་རྒྱུའི་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།
          ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་དང་།   པོ་ཏ་ལའི་ཐང་ཆེན།   གཡུ་ཐོག་ལམ།   མཁར་རྔ་གདོང་ལམ།   ཉང་བྲན་ལམ་དུམ་ལྷོ་མ།   ཀྲུང་ཧོ་རྒྱལ་སྤྱིའི་གྲོང་།   ཏང་སྲིད་ལས་ཁུངས།   དཔུང་སྡེ་དང་ཉེན་རྟོག་པའི་སྒར་ས།   སློབ་གྲྭ།   སྨན་ཁང་།   ཁྲོམ་ར།   གློག་འཕྲིན།   རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་བཀོད།   ཟམ་པ།   མཛོད་ཁང་ཆེ་གྲས།   གློག་སྒྱུར་ས་ཚིགས།   སྣུམ་སྣོན་ས་ཚིགས།   གཤེར་གྱུར་སོལ་རླངས་ས་ཚིགས།   དེ་བཞིན་དེ་ཚོའི་མཐའ་འཁོར་གྱི་སྨི་200ནང་ཚུན་དང་།  ལོ་རྒྱུས་ལྡན་པའི་ཁང་པའི་ཁུལ།    རིག་དངོས་སུ་ཚུད་པའི་ཁང་པའི་ཁུལ།   གྲོང་མིའི་སྡོད་ཁུལ་གཙོ་བོ།   སྤྱི་དམངས་འདུ་འཛོམས་བྱ་ཡུལ་བཅས་སུ་ཤོག་སྦག་སྤོར་མི་ཆོག  ཤོག་སྦག་རིགས་སྦར་མི་ཆོག་པའི་ས་ཆར་ཤོག་སྦག་སྦར་བའམ་ཡང་ན་སྤྱི་པའི་བདེ་འཇགས་དང་།  མི་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་རྣམ་པར་བརྟེན་ནས་ཤོག་སྦག་སྤར་ཚེ།  《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་སྤོར་རིགས་བཀག་སྡོམ་བྱེད་རྒྱུའི་གཏན་འབེབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ། 
          ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རིང་།  མཉམ་འགོག་མཉམ་འཛིན་གྱི་རྩ་དོན་ལྟར་ཕན་ཚུན་ནད་ཡམས་འགོ་བ་དང་མཆེད་པའི་ཉེན་ཁ་ནུས་ལྡན་སེལ་བ་དང་།  མི་འགྲོ་འོང་ཉུང་དུ་གཏོང་བ།   མི་མང་པོ་འདུ་འཛོམས་མི་བྱེད་པ།   མཁའ་རླུང་གི་བཙོག་སྐྱོན་ཉུང་དུ་གཏོང་བ།   མེ་སྐྱོན་གྱི་ལས་འཛོལ་མི་ཐོན་པ་བཅས་ཀྱི་ཆེད། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཤོག་སྦག་རིགས་སྤར་མི་ཆོག་པའི་ས་ཆ་མིན་སར་ཡང་ཤོག་སྦག་རིགས་མི་སྤོར་བའམ་ཤོག་སྦག་རིགས་ཉུང་ཙམ་སྤར་ནས།  ཡ་རབས་ལྡན་པའི་ངང་ལོ་གསར་བཏང་སྟེ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མཉམ་དུ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
          རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་ཡོད་པ་ཞུ་རྒྱུ་མ་ཟད།   ཕན་ཚུན་ལན་སྤྲོད་གནང་ཡོད་པ་ཞུ།
          དེ་དོན་སྤྱི་བསྒྲགས་འདི་ཆེད་དུ་སྤེལ་བ་ཡིན།
          ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས།
          སྤྱི་ལོ་2020ལོའི་ཟླ་2ཚེས་20ཉིན།
རྩོམ་སྒྲིག་པ།སྣང་རྡོར།