དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > བོད་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > པར་རིས་གསར་འགྱུར།

བོད་དུ་ལོ་གསར་མཁོ་ཆས་སྒོ་འགྲམ་ནས་ཉོ་ཐུབ་པ།

སྤེལ་དུས 2020-02-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཏོག་གསར་ནད་དུག་གསར་པའི་གློ་ཚད་ཀྱི་སྨག་རུམ་ཡོངས་སུ་དྭངས་མེད་ཀྱང་། བོད་ལྗོངས་མི་དམངས་ཀྱིས་ལོ་གསར་དགའ་གཏོང་བྱེད་པར་ཤུགས་རྐྱེན་ཐེབས་མེད། བོད་ཀྱི་སྡེ་ཁུལ་དང་། གྲོང་ཚོ་ཁག་ཏུ་དམིགས་བསལ་གྱི་ལོ་གསར་ཁྲོམ་ར་ལས་ལོ་གསར་གྱི་མཁོ་ཆས་མཁོ་འདོན་བྱེད་ཀྱི་ཡོད།

          ད་ཆ་སྐོར་བསྐྱོད་བྲིན་ཚོང་རླངས་འཁོར་གྱིས་ལོ་གསར་གྱི་མཁོ་ཆས་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་ལྷ་སའི་གྲོང་མི་རྣམ་རྒྱལ་གྱིས་བཤད་ཡོད། 
          ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་མ་འཇོག་ཀུང་སི་དང་ས་གཙང་ཀུང་སི་སོགས་ཁེ་ལས་སྒྲིག་འཛུགས་བྱས་ནས་ལོ་གསར་གྱི་མཁོ་ཆས་ཕྱིར་ཚོང་ས་ཚིགས་དང་སྐོར་བསྐྱོད་ཕྱིར་ཚོང་རླངས་འཁོར་མངགས་ཏེ་ཕྱེ་མར་དང་། སྡེར་ཁ། མེ་ཏོག་མཆོད་པ་སོགས་ལོ་གསར་གྱི་མཁོ་ཆས་གྲོང་མིའི་སྒོ་འགྲམ་དུ་བསྐྱལ་ཡོད་པ་རེད། 

          ལྷ་ས་གྲོང་ཁྱེར་ས་གཙང་ལོ་གསར་མཁོ་ཆས་བྲིན་ཚོང་དོ་དམ་འགན་ཁུར་བ་ངག་དབང་ནོར་བུས། མིག་སྔར་གྲོང་ཁྱེར་ནང་གཏན་འཇགས་ལོ་གསར་གྱི་མཁོ་ཆས་ཕྱིར་ཚོང་ས་ཚིགས་63ཡོད་པ་དང་། སྐོར་བསྐྱོད་བྲིན་ཚོང་རླངས་འཁོར་11ཡོད་པས་ལོ་གསར་གྱི་མཁོ་ཆས་སྒོ་འགྲམ་ནས་ཉོ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་འདུག
          ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ནང་གི་ཕྱིར་ཚོང་ས་ཚིགས་ཕུད་ཉེ་འཁོར་གྱི་རྫོང་དང་ཆུས་ཀྱིས་ཀྱང་ལོ་གསར་གྱི་མཁོ་ཆས་ཕྱིར་ཚོང་ས་ཚིགས་157བཙུགས་ཡོད་པས་མང་ཚོགས་ཀྱིས་རྫོང་དང་ཆུས་དེ་གའི་ས་ཁོངས་ནང་ཐག་ཉེ་ས་ནས་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ་ཀྱི་ཡོད་པ་རེད། 

          དུས་མཚུངས་འབྲེལ་ཡོད་སྡེ་ཚན་གྱིས། བོད་ཀྱི་ལོ་གསར་རིང་།  འདུ་འཛོམས་རང་བཞིན་ལྡན་པའི་སྒོ་ནས་དར་ལྕོག་འཛུགས་པ་དང་བསང་གཏོང་བའི་བྱེད་སྒོ་སོགས་མང་ཚོགས་མང་བ་དང་ས་ཁོངས་སྒྲོལ་ནས་འགྲུལ་བཞུད་བྱེད་ཤུགས་ཆེ་བ། དུས་ཡུན་རིང་བ་བཅས་ཀྱི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ལ་ཞུགས་མི་ཆོག་པའི་གཏན་འབེབ་བྱས་ཡོད།