ལོ་གསར་གྱི་མཁོ་ཆས་སྒོ་རྩར་སྐྱེལ་བ།
སྤེལ་དུས 2020-02-21
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
འདི་ནི་གླིང་ཕྲན་གཉིས་ཀྱི་སྲང་ལམ་དོན་གཅོད་ཁྲུའུ་ཡི་ལས་དོན་པས་སྔོ་ཚལ་གྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།
ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་བོད་ཀྱི་ལོ་གསར་གྱི་མཁོ་ཆས་ཉོ་བའི་དགོས་མཁོ་སྐོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་སྲང་ལམ་དོན་གཅོད་ཁྲུའུ་ཡིས་ཁོངས་གཏོགས་ཁུལ་དུ“ལོ་གསར་མཁོ་ཆས་སྒོ་ཁར་སྐྱེལ”ཞེས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བར་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།