དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་བཙུགས་པ།

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
ཝུའུ་དབྱིང་ཅེ་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོར་མིང་བཏོན་འདེམས་བསྐོ་གནང་བ། བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་མིང་བཏོན་འདེམས་བསྐོ་གནང་བ།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་4ཉིན་གྱི་ཕྱི་དྲོ། ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་དངོས་སུ་བཙུགས་པ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཝུའུ་དབྱིང་ཅེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོར་མིང་བཏོན་འདེམས་བསྐོ་གནང་བ་དང་། བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་མིང་བཏོན་འདེམས་བསྐོ་གནང་བ་རེད།
          ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན)དང་དེ་བཞིན་ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)ལ་གྲོས་ཞིབ་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་ཚོགས་འདུ་དང་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་ཀྱང་གནང་བ་རེད།
          ད་རེས་ཀྱི་ཚོགས་འདུ་འདི་ཡག་པོ་འཚོག་ཆེད། ཝུའུ་དབྱིང་ཅེས། འཐུས་མི་ཚོགས་པའི་འཐུས་མི་དང་ཟུར་ཞུགས་མི་སྣ་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་གཞི་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          གཅིག་ནས་སྔ་ཕྱི་བར་གསུམ་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་གྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། སྔ་ཕྱི་བར་གསུམ་དུ“སྤྱི་ཡོངས་གཉིས”བློ་ལ་བཅངས་ནས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་གདེང་ཚོད་ཡོད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མཐོ་རུ་ཏན་ཏིག་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་པ“སྲུང་སྐྱོང་གཉིས”ཐུབ་པའི་བྱ་སྤྱོད་ཞིབ་ཕྲར་བརྩི་བ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློའི་ཐད་ནས་སྲོག་ཤིང་ལ་མོས་སེམས་ཆེན་པོ་དང་། ཆབ་སྲིད་ཀྱི་ཐད་ནས་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། རྩ་འཛུགས་ཀྱི་ཐད་ནས་རང་རྟོགས་ངང་སྲོག་ཤིང་ལ་དང་ལེན་ཞུ་བ། བྱ་སྤྱོད་ཀྱི་ཐད་ནས་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་གང་ཞིག་འཕྲད་རུང་ཆབ་སྲིད་ཀྱི་ཐད་ལངས་ཕྱོགས་བརྟན་པོ་དང་བློས་འགེལ་ཆོག་པ་དང་ཏང་ལ་ལྷག་བསམ་རྣམ་དག་དང་ཏང་ཀྲུང་དབྱང་དང་བློ་སེམས་གཅིག་མཐུན་ཡོང་བར་བྱེད་དགོས།
          གཉིས་ནས་རང་རྟོགས་ངང་བསམ་བློ་གཅིག་གྱུར་དང་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་མཐོ་ཚད་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ཡག་པོ་འཚོག་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ཏང་དང་མི་དམངས་ལ་འགན་ཡག་པོ་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་ཆེད་བློ་ནུས་གཅིག་སྒྲིལ་བྱེད་དགོས།
          གསུམ་ནས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཟབ་མོ་དང་། སྒམ་ནན་གྱི་རྣམ་འགྱུར། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཚོགས་ཆེན་གྱི་སྙན་སྒྲོན་ཁག་དང་། འཆར་ཟིན་ཁག གཏན་འབེབས་ཁག་བཅས་ལ་ཉན་འཇོག་དང་། གྲོས་བསྡུར། གྲོས་ཞིབ་བཅས་ནན་ཏན་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་ཇི་མ་ཇི་བཞིན་མཚོན་པར་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་འགན་ལེན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་བློ་གྲོས་ཀྱི་གཏམ་དང་དངོས་སྒྲུབ་ཀྱི་ཇུས་འདོན་དགོས། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བཅས་ཀྱི་འོག བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་ལྗོངས་ཀྱིས་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་ཞིབ་ཕྲ་གཅིག་སྡུད་མངོན་པ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བཅངས་པའི་ལྷད་མེད་བརྩེ་སེམས་གང་ལེགས་མཚོན་པར་བྱེད་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་དང་ཆོད་སེམས་བརྟན་པོ་ཕྱོགས་ཡོངས་ནས་མཚོན་པར་བྱེད་དགོས།
          བཞི་ནས་སྒྲིག་ཁྲིམས་ཁག་ནན་པོ་སྲུང་བ་དང་གཟུགས་བརྙན་བཟང་པོ་སྲུང་དགོས། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་སྲོལ་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་ཚོགས་འདུའི་གཏན་འབེབས་ཁག་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས། འཐུས་མི་ཚོགས་པའི་ལས་དོན་མི་སྣ་ཚོས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས། ཞབས་འདེགས་ཞིབ་ཚགས་ཞུ་བ་དང་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ལས་དོན་ཁག་ལས་ཕྱོད་ཆེན་པོས་བདེ་བླག་ངང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།