དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མི་ཁྲེན་ཝེ་ཡིས་གསུངས་དོན། རིམས་འགོག་འཐབ་ས་ནི་ལས་འགན་བསྒྲུབ་ཡུལ་ཡིན།

སྤེལ་དུས 2021-03-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཉེ་ཆར་རང་རྒྱལ་གྱིས་གཤེར་རྨེན་ནད་དུག་གཞི་རྟེན་དུ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ་རེད། རིམས་འགོག་སྨན་ཁབ་དེ་ནི་མིག་སྔར་རང་རྒྱལ་གྱི་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁྲོད་ཁབ་གཅིག་ལས་རྒྱག་དགོས་མེད་པའི་སྨན་ཁབ་འབའ་ཞིག་དེ་རེད། “རིམས་འགོག་སྨན་ཁབ་ཀྱི་ཐོན་འབབ་ཁྲི་5ཟིན་པ་དང་འབྲེལ་མིག་སྔའི་བར་སྨན་ཁབ་གཟེད་པའི་མི་ཚོགས་ནང་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་སྨན་ནད་ཐེབས་པའི་གནས་ཚུལ་ཐོན་མཁན་མེད”ཅེས་རིམས་འགོ་སྨན་ཁབ་དེའི་ཞིབ་སྤེལ་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲེ། དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེན་ཝེ་ཡིས་སེམས་འགུལ་ཐེབས་བཞིན་དུ་བཤད།
        རིམས་འགོག་སྨན་ཁབ་ནི་མིག་སྔར་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཚན་རིག་གི་ཡོ་ཆས་ནུས་པ་ལྡན་ཤོས་དེ་ཡིན་པ་དང་། རིམས་ནད་ཐོན་རྗེས་ཁྲེན་ཝེ་ཡིས་ཚོགས་པའི་སྣེ་ཁྲིད་ནས་འཕྲལ་དུ་ཝུའུ་ཧན་དུ་བསྐྱོད་པ་དང་། ཕྱོགས་ཁག་དང་མཉམ་ལས་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གི་ལས་དོན་སྤེལ་བ་རེད། 2020ལོའི་ཟླ་3ཚེས་16ཉིན་ཁྲེན་ཝེ་ཚོགས་པས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱལ་ནང་གི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཆོག་མཆན་ཐོབ་པའི་རིམས་འགོག་སྨན་ཁབ་དང་པོ་དེ་ཡིན་པ་དང་། 2020ལོའི་ཟླ་4ཚེས་12ཉིན་རིམས་འགོག་སྨན་ཁབ་དེ་དུས་ཁག་གཉིས་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་པ་རེད། ཁོང་གིས“རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་རིམས་འགོག་འཐབ་ས་ནི་ལས་འགན་སྒྲུབ་ཡུལ་ཡིན། ལོ་བཅུ་གྲངས་བསགས་པའི་ཉམས་མྱོང་ད་ལྟ་སྤྱོད་པའི་དུས་ལ་སླེབས་སོང”ཞེས་གསུངས།
        ཁྲེན་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ལ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མང་ཙམ་ལེགས་སྐྱེས་འབུལ་བ་དང་འབྲེལ་གྲུབ་འབྲས་དེ་དག་གིས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁྲེན་ཝེ་ཡིས་འདོན་རྩིས་ཡོད་པའི་གྲོས་གཞི་ནི། སྐྱེ་དངོས་བདེ་འཇགས་མ་ལག་བསྐྲུན་རྒྱུ་དེ་རེད། ཁོང་གིས། རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ། ཤེས་ལྡན་པ་མགྱོགས་མྱུར་གསོ་སྐྱོང་། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་ཞིབ་འགག་སྒྲོལ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འཕེལ་རྒྱས་ལ་འགན་ལེན་དེ་བས་ནུས་ལྡན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

        “ངས་ང་ཚོའི་ཚན་ཞིབ་ཀྱི‘དམག་གྲུ’འདི་རླུང་བརྟེན་རླབས་གཤགས་བྱས་ནས་རྒྱང་རིང་གི་ཕྱོགས་སུ་བརྟན་པོའི་ངང་སྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འདི་ནི་འགན་འཁྲི་ཞིག་ཡིན་པས་ང་ཚོས་དེའི་དོན་དུ་མུ་མཐུད་འབད་འཐབ་བྱས་ཏེ་དུས་རབས་དང་ང་ཚོའི་ལས་འགན་ལ་ངོ་མི་གནོང་བ་བྱེད་ཀྱི་ཡིན”ཞེས་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།