ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

གྲོང་མིའི་བདེ་འཇགས་སྲུང་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད།

སྤེལ་དུས 2021-03-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཁྲེན་ཁུན་གྱིས་ཀོང་ཤིས་ཧོ་ཀྲོའུ་གྲོང་ཁྱེར་ཀྲའོ་ཕིང་རྫོང་ལུང་ཐན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་མདུན་དུ་བྱིས་པ་ཞིག་གི་ལག་པར་བརྟག་དཔྱད་བྱེད་བཞིན་པ།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་ཁུན་ནི་ཀོང་ཤིས་ཧོ་ཀྲོའུ་གྲོང་ཁྱེར་ཀྲའོ་ཕིང་རྫོང་ལུང་ཐན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སུའོ་ཀྲང་ཡིན་པ་དང་ལུང་ཐན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་བྱས་ནས་ད་བར་ལོ་20ལྷག་ཙམ་སོང་ཡོད།
         “ང་ཚོ་ནི་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཡིན་ལ་གྲོང་གསེབ་ཀྱི་འཕྲོད་བསྟེན་འགན་སྲུང་བྱེད་མཁན་དང་པོ་དེ་ཡང་ཡིན”ཞེས་ཁྲེན་ཁུན་གྱིས་གྲོང་གསེབ་སྨན་པའི་གལ་ཆེའི་རང་བཞིན་བརྗོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་གྲོང་ཚོར་སྨན་པ་སྡོད་འདོད་མེད་པའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། ཁྲེན་ཁུན་གྱིས། གྲོང་གསེབ་སྨན་པའི་གླ་ཆའི་ཐོབ་ཆ་དང་རྒན་གསོའི་ཐོབ་ཐང་སྤར་ནས་ཁོང་ཚོ་བློ་བདེ་པོས་གྲོང་གསེབ་ལ་གཞི་ཚུགས་ཏེ་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དུ་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།