དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མི་དཀོན་མཆོག་ཆོས་སྒྲོན་གྱིས་གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་ཞིག་སྐྲུན་དགོས་པ་གསུངས།

སྤེལ་དུས 2021-03-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           2021ལོའི་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྫ་ར་ཤང་གི་ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་ལ་བྲེལ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་དེ་ནི་ཤང་དེ་ཡོངས་ཀྱི་གྲོང་ཚོ་3གྱི་དུད་ཁྱིམ་140ཡི་ཞིང་འབྲོག་པ་སྡོད་ཁང་གསར་པར་སྤོས་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་དེ་ཡིན་པས་ཁོང་གིས་ཁྱིམ་དུད་རེ་རེ་བཞིན་ལ་བསྐྱོད་ནས་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་ཡོད་ལ་ཚང་མའི་ལོ་གསར་གྱི་བསམ་འདུན་ཡང་ཉན་པ་རེད།
           དཀོན་མཆོག་ཆོས་སྒྲོན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རྫ་ར་ཤང་གི་མི་ཡིན་པས་རྫ་ར་ཤང་གི་དབུལ་སྒྲོལ་ཞྭ་ཕུད་ཀྱི་བརྒྱུད་རིམ་ཡོངས་ལ་དཔང་པོ་བྱས་ཡོད། “དེ་སྔ་རྫ་ར་ཤང་གིས་གདོད་མའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་པའི་དབང་གིས་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་པོའི་ནང་བདམས་ཡོད། འོན་ཀྱང་རང་བྱུང་གི་ཡུལ་སྐོར་ཐོན་ཁུངས་ལེགས་པའི་རྫ་ར་ཤང་གི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་དབང་གིས་ཤིན་ཏུ་དབུལ་བའི་རྫོང་དབུལ་པོར་གྱུར་ཡོད”ཅེས་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས།
           དེར་བརྟེན་དཀོན་མཆོག་ཆོས་སྒྲོན་གྱིས་ཡུལ་འབབ་དང་མཐུན་པའི་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་སེམས་ཐག་བཅད་པ་སྟེ། ས་བབ་མཐོ་ཚད་སྨི་2700ལྷག་ཙམ་གྱི་ས་མཐོར་ཇ་ལོ་འདེབས་འཛུགས་བྱ་རྒྱུ་དེ་རེད། གྲོང་མི་ཚོས་འཆར་གཞི་དེ་དང་ལེན་ཧུར་ཐག་བྱས་པ་དང་ལྷག་པར་དུ་གྲོང་ཚོའི་གཞོན་ནུ་ཚོ་ཧུར་ཐག་ཞུགས་པ་མ་ཟད། ཁོང་ཚོ་ད་དུང་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད། “ད་ཆ་གྲོང་མི་ཚོ་བདེ་སྡོད་ཁང་པའི་ནང་སྤོས་ནས་ཁྱིམ་ཚང་ཚང་མར་གློག་ཁྲིད་པ་མ་ཟད་རྫ་ར་ཤང་ནས་ལྷུན་རྩེ་རྫོང་གྲོང་བར་སྣུམ་ནག་ལམ་བཏིང་པས་དེ་སྔ་ཆུ་ཚོད་བདུན་བརྒྱད་འགོར་བ་ནས་ད་ལྟ་ཆུ་ཚོད་གསུམ་ཙམ་ལས་འགོར་གྱི་མེད”ཅེས་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས།
           2018ལོར་རྫ་ར་ཤང་དབུལ་སྒྲོལ་བྱུང་བ་དང་། དཀོན་མཆོག་ཆོས་སྒྲོན་གྱིས་སླར་ཡང་གྲོང་མིའི་སྣེ་ཁྲིད་དེ“རི་མཐོའི་ཇ་ར”དང“བོད་རག་ལས་སྣོན་བཟོ་གྲྭའི”རྣམ་གྲངས་ལག་བསྟར་བྱས། རྫ་ར་ཤང་གིས་ད་དུང་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་2020ལོར་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.7ལས་བརྒལ་ཡོད་པ་རེད།
           “དབུལ་སྒྲོལ་ཞྭ་ཕུད་བྱ་རྒྱུ་དེ་མཐའ་མའི་དམིགས་ཡུལ་མིན་པར་དེ་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན” བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་རྫ་ར་ཤང་འདི་ཉིད་ཇི་ལྟར་བྱས་ནས་དེ་བས་གསོན་ཤུགས་ལྡན་པ་དང་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་པ་ནི་དཀོན་མཆོག་ཆོས་སྒྲོན་གྱིས་རྒྱུན་དུ་བསམ་གཞིག་བྱེད་པའི་བྱ་བ་ཞིག་རེད།
           དུས་ཚོད་ངེས་ཅན་སོང་རྗེས། དཀོན་མཆོག་ཆོས་སྒྲོན་གྱིས་གནད་དོན་གསར་པ་ཞིག་ལ་དོ་སྣང་བྱུང་ཞིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་ན་ཡང་གད་སྙིགས་གཙང་སེལ་གྱི་གནད་དོན་དེ་མུར་ཐོན། ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་ཐུབ་བམ། དེ་ཡང་དཔྱིད་གསར་དུས་ཆེན་རིང་དཀོན་མཆོག་ཆོས་སྒྲོན་གྱི་རྣ་བར་ཐོས་པའི་གྲོང་མི་ཚོའི་གཏམ་གླེང་མང་ཤོས་དེ་ཡིན། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་ཁོང་གིས་གྲ་སྒྲིག་བྱས་པའི་གྲོས་གཞིའི་བརྗོད་དོན་གཙོ་བོ་ནི“གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་་ཡིན་པས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤང་གྲོང་རྡལ་དུ་གད་སྙིགས་གཙང་སེལ་སྒྲིག་ཆས་སྐྲུན་རོགས་བྱ་རྒྱུའི་རེ་བ་གནང་གི་ཡོད་པ་རེད།
           “ང་ཚོས་ཐོན་ལས་དམངས་ཕྱུག་མུ་མཐུད་ཡག་པོ་སྒྲུབ་དགོས་ལ་གྲོང་ཚོའི་ཁོར་ཡུག་ཀྱང་ལེགས་སུ་བཏང་ནས་རྫ་ར་ཤང་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་སྐྲུན་དགོས”ཞེས་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས། །
རྩོམ་སྒྲིག་པ། བདེ་སྒྲོལ།