དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་དང་ཚེ་སྲོག་གི་ལམ་བུ་ཡིན་ཞེས་གསུངས།

སྤེལ་དུས 2021-03-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་གཞི་རིམ་མང་ཚོགས་ལ་ལོ་བཅུ་ལྷག་ཙམ་ཞབས་འདེགས་ཞུ་རིང་ཁོང་གི་ངོས་ནས་བརྗོད་ན་མི་རིགས་མཐུན་སྒྲིལ་ནི་ནམ་ཡང་འགྱུར་བ་མེད་པའི་བརྗོད་དོན་གཙོ་བོ་ཞིག་རེད།
            “ད་ཆ་གྲོང་ཁྱེར་འཕེལ་རྒྱས་འགྲོ་མགྱོགས་པོ་ཡོད་པས་མི་རིགས་ཁག་གི་མང་ཚོགས་ཚོའི་དབར་འགྲོ་འོང་སྤེལ་རེས་ཀྱང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། མི་རིགས་མཐུན་སྒྲིལ་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ་དེ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་འགན་ལེན་བྱེད་པའི་ལས་འགན་གལ་ཆེན་ཞིག་ལ་གྱུར་ཡོད”དུས་རབས་20པའི་ལོ་རབས་70པའི་ལོ་མཇུག་ནས་ད་བར་དར་དམར་གྲོང་ཚོར་ལས་ལ་གཞོལ་བཞིན་པའི་སྐལ་བཟང་སྒྲོལ་དཀར་གྱིས་དར་དམར་གྲོང་ཚོ་འདི་ཉིད་སྒོ་རྒྱག་གི“གྲོང་ཚོ་དབུལ་པོ”ཞིག་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པའི“འབྱོར་འབྲིང་དཔེ་སྟོན་གྲོང་ཚོ”ཞིག་ཏུ་འཕོ་འགྱུར་བྱུང་བའི་བདེན་དཔང་བྱས་ཡོད། ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གླེང་སྐབས་ཁོང་གིས“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་ཀྱི་ལམ་བུ་དང་ཚེ་སྲོག་གི་ལམ་བུ་རེད”ཅེས་མྱོང་ཚོར་ཟབ་མོས་གསུངས།
            དར་དམར་གྲོང་ཚོའི་ཁོངས་གཏོགས་སུ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཕུད། ད་དུང་རྒྱ་རིགས་དང་ཧུད་རིགས་སོགས་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད། ལོ་མང་རིང་དར་དམར་གྲོང་ཚོས་ཁོངས་གཏོགས་ཁུལ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ་1990ལོ་ནས་བཟུང་ལོ་ལྟར་གྱི་ཟླ་9པ་དེ“མི་རིགས་མཐུན་སྒྲིལ་གྱི་ཟླ་བ”ཡིན་པའི་ངོས་ནས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ཏེ་མཉམ་དུ་ལྷན་འཛོམས་ཟ་མ་བཟའ་བ་དང་། མཉམ་དུ་མཐུན་སྒྲིལ་གྱི་གླུ་དབྱངས་ལེན་པ། མཉམ་དུ་མཐུན་སྒྲིལ་གྱི་ཞབས་བྲོ་འཁྲབ་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་གི་རིན་ཐང་དོན་གཉེར་ཞིག་ཏུ་གྱུར་བར་བྱས་ཡོད།
            སྐལ་བཟང་སྒྲོལ་དཀར་གྱིས“གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་ཧུར་ཐག་འོག་དར་དམར་གྲོང་ཚོའི་མང་ཚོགས་ཚོས་ནུས་པས་ལྕོགས་ཚོད་ཀྱིས་མི་རིགས་མཐུན་སྒྲིལ་ལག་བསྟར་བྱས་པས་གྲོང་ཚོ་ཨུ་ལྷན་གྱིས་ཞབས་འདེགས་ཞུ་ཡུལ་ཕྱོགས་མིའི་ཚོགས་སྤྱིར་སྣུར་སྲིང་བྱས་པ་མ་ཟད། གྲོང་མི་ཚོས་ཀྱང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཕྱི་ནས་ཡོང་མཁན་མང་ཚོགས་ཚོར་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། ན་ནིང་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་དང་ས་ཁོངས་ཀྱི་དབྱེ་བ་མེད་པར་ལག་གདང་སྦྲེལ་ནས་མཉམ་དུ་རིམས་འགོག་བྱས་པ་མ་ཟད། གྲོང་ཚོ་དེའི་དང་བླངས་ཞབས་ཞུའི་རུ་ཁག་གིས་ཀྱང་ཁྱིམ་དུ་ལོགས་འཇོག་བྱས་པའི་ཕྱི་ནས་ལྷ་སར་ཡོང་མཁན་གྱི་ལས་མིར་དུས་དང་རྣམ་པ་ཀུན་ཏུ་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་གྲོང་མི་མི་སྒེར་དང་གྲོང་ཚོ་ཨུ་ལྷན་གྱིས་ཚོང་དུད་250ལྷག་ཙམ་གྱི་ཁང་གླ་སྒོར་ཁྲི་296ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་པར་བྱས་ཡོད”ཅེས་གསུངས། །
རྩོམ་སྒྲིག་པ། བདེ་སྒྲོལ།