ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

བུད་མེད་འཐུས་མི་དང་ཨུ་ཡོན་གྱི་ཉམས་བཟང་།

སྤེལ་དུས 2021-03-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བུད་མེད་ཞུགས་ཚད་སྔར་བས་མང་དུ་སོང་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པར་བུད་མེད་འཐུས་མི་742ཞུགས་ཡོད་པ་དེ་སྐབས་གོང་མ་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད་པ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དུ་བུད་མེད་ཨུ་ཡོན་440ཡོད་པ་དེ་སྐབས་གོང་མ་ལས་བརྒྱ་ཆའི་གྲངས་2.6གིས་མཐོ་བ་ཡོད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཧའེ་རུང་གིས། སྐྱེ་ཁམས་གུན་གསབ་ཀྱི་བྱ་ཐབས་གང་མགྱོགས་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། གུན་གསབ་ཚད་གཞི་ཁ་གསལ་དུ་གཏོང་བ། ནོར་སྲིད་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཕྱོགས་བསྡུས་གུན་གསབ་ཚོད་ལྟའི་རྫོང་གི་ནོར་སྲིད་གཞན་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
        ཟླ་3ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། འདི་ནི་བུད་མེད་འཐུས་མི་གཉིས་ཚོགས་རར་ཕེབས་བཞིན་ཡོད་པ།
རྩོམ་སྒྲིག་པ། སངས་སྐྱབས།