ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > གསར་འགྱུར།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

སྤེལ་དུས 2021-03-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་3ཚེས་6ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་ཚོགས་འདུར་ཞུགས་ཏེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་བསྡུར་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་བསྡུར་གནང་བ་མ་ཟད། ད་དུང་འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་ཀྱང་སྤེལ་བ་རེད།
          བསྟན་ཁོ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཁག་སོ་སོར་ཞུགས་པ་རེད། 
          ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མགོ་ནས་མཇུག་བར་ཁྱབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བླང་བྱ་མཚོན་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བསྟུན་པ་བཅས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ནི་དམ་པ་དོན་གཉེར་དང་། གསར་འབྱེད་གསར་གཏོད། ཡིད་ཆེས་ལྡབ་འཕེལ། མདུན་སྐྱོད་སྐུལ་སྤེལ་བཅས་ཀྱི་སྙན་སྒྲོན་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དང་ལྷག་པར་དུ་འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ཤུགས་ཆེན་པོ་མཚོན་གྱི་ཡོད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་མཚོན་པའི་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་དེ་ནི་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བ་དང་། ཕན་འབྲས་དངོས་ལ་སྣང་ཆེན་དང་དོན་དངོས་དང་ཉེ་བཅར། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་བཅས་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
          ལས་འགན་ལྕི་པོ་ཕྲག་ཏུ་བབས། འབད་འབུངས་མདུན་སྐྱོད་དགོས་ངེས་ཆེ། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་དང་པོ་དེ་རེད། ཨུ་ཡོན་ཚོས་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བར། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་གོམ་པ་ཡག་པོ་སྤོ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད། བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
          རིགས་ཁོངས་ཁག་གི་ཚོགས་ཆུང་གི་གྲོས་བསྡུར་ནང་ཨུ་ཡོན་ཚོས། ད་དུང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ཏེ་རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་སོགས་ལས་དོན་ཁག་ལ་སྔར་བས་སྐུལ་འདེད་ཡག་པོ་གཏོང་ཆེད་ཞིབ་ཅིང་ཕྲ་བའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།