དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > གསར་འགྱུར།

འཐུས་མི་ཀྲང་ཞའོ་རོང་གིས་མཚོ་བོད་མཐོ་སྒང་གི་ལུས་རྩལ་དང་བདེ་ཐང་སྐུལ་སྤེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ནས་མཐོ་སྒང་སྦྱོང་བརྡར་རྟེན་གཞིའི་ཚོགས་སྤྱི་འཛུགས་རྒྱུའི་གྲོས་གཞི་བཏོན་པ།

སྤེལ་དུས 2021-03-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་གཅོང་ནད་ཐོན་མང་བའང་གཡོལ་ཐབས་བྲལ་བའི་གནད་དོན་ཞིག་ཏུ་གྱུར་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི34.7%ལས་ཟིན་མེད་པ་དང་། མཁར་གྲོང་གི་གྲོང་མིའི་ཁྲོད་ད་དུང་མི་ཁྲི60.2ཀྱིས《རྒྱལ་ཁབ་ཀྱི་གཟུགས་གཞིའི་ཚད་འཇལ་ཚད་གཞིའི》ཚད་ལྡན་ཚད་གཞིར་སླེབས་མེད། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲང་ཞའོ་རོང་གིས་མཚོ་བོད་མཐོ་སྒང་ལུས་རྩལ་དང་བདེ་ཐང་སྐུལ་སྤེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་སྦྱོང་བརྡར་རྟེན་གཞིའི་ཚོགས་སྤྱི་འཛུགས་དགོས་པའི་གྲོས་གཞི་བཏོན་པ་རེད། 
          གྲོས་གཞིའི་ནང་བསྟན་དོན། མཐོ་སྒང་གི་གསོ་རླུང་དམའ་བས་དེར་མིའི་ལུས་ཁམས་ལ་གནོད་འཚེ་གཏོང་བའི་ངོས་ཤིག་ཡོད་ལ། བདེ་ཐང་ལ་ཕན་ཐོགས་པའི་ངོས་ཤིག་ཀྱང་ཡོད། ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། འོས་འཚམ་གྱི་མཐོ་སྒང(ས་བབ་མཐོ་ཚད1500-3000m)གི་ཚད་དམའ་བའི་དབྱང་ཉུང་གིས་མིའི་ལུས་ཁམས་ཀྱི་གསོན་ཤུགས་རྒྱས་སུ་འཇུག་པ་དང་། རྙིང་ཚབ་གསར་བརྗེ་དང་ལུས་ནང་གི་ཁོར་ཡུག་ལེགས་བཅོས་བྱས་ནས་མིའི་ལུས་ཕུང་བདེ་ཐང་ལ་སྐུལ་འདེད་བྱེད་ཐུབ། ཐང་བདེའི་ལུས་རྩལ་སྦྱོང་བརྡར་དང་བསྡུར་ན་མཐོ་སྒང་གི་གསོ་རླུང་ཉུང་བའི་ལུས་རྩལ་སྦྱོང་བརྡར་གྱི་ཐེག་ཚད་གཅིག་པའི་ལུས་སྦྱོང་ལ་ཕན་འབྲས་ཆེན་པོ་ཐོན་གྱིན་ཡོད། མིག་སྔར་གསོ་རླུང་ཉུང་བའི་ཆ་རྐྱེན་སྤྱད་དེ་རྩལ་སྦྱོང་ངམ་སྨན་བཅོས་བྱ་རྒྱུ་དེ་ནི་སྨན་རྫས་མིན་པའི་སྨན་བཅོས་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། 
          གྲོས་གཞིའི་ནང་བསྟན་དོན། མིའི་རིགས་མཐོ་སྒང་ཁོར་ཡུག་དང་འཚམ་པོ་ཡོང་བའི་དགེ་མཚན་ཆེ་ཤོས་ཀྱི་བྱ་ཐབས་ནི་ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་ཡིན་ཞིང་། ས་བབ་མི་འདྲ་བར་ས་མཐོའི་སྦྱོང་བརྡར་རྟེན་གཞི་བཙུགས་ནས་སྐས་རིམ་མི་འདྲ་བའི་ས་མཐོའི་སྦྱོང་བརྡར་རྟེན་གཞིའི་ཁྱུ་ཚོགས་ཆགས་པར་བྱས་ན། མིག་སྔའི་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེ་བའི་སྣོལ་སྡེབ་རྣམ་པའི་མཐོ་སྒང་སྦྱོང་བརྡར་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མི་རིགས་སོ་སོའི་མང་ཚོགས་རྣམས་ལུས་རྩལ་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་ལུས་སྦྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྔར་བས་སྐུལ་སློང་བྱེད་ཐུབ་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་ནས་བདེ་ཐང་ཀྲུང་གོ་དང་ལུས་རྩལ་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་ཞིག་འདིང་ཐུབ། དེར་བརྟེན། འཐུས་མི་ཀྲང་ཞའོ་རོང་གིས་རྒྱལ་ཁབ་ཀྱི་ངོས་ནས་རྒྱབ་སྐྱོར་བྱས་ཏེ་མཚོ་བོད་མཐོ་སྒང་གི་ལུས་རྩལ་དང་བདེ་ཐང་སྐུལ་སྤེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་སྦྱོང་བརྡར་རྟེན་གཞིའི་ཚོགས་སྤྱི་འཛུགས་པའི་གྲོས་གཞི་བཏོན་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།