དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > གསར་འགྱུར།

མཚོ་སྔོན་འཐུས་མི་ཚོཊ་པས་གྲོས་འགོ་གལ་ཆེན་གཉིས་བཏོན་འདུག

སྤེལ་དུས 2021-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པར་ཞུགས་པར་ཕེབས་པའི་མཚོ་སྔོན་འཐུས་མི་ཚོགས་པས་མཚོ་སྔོན་གྱི་དམིགས་བསལ་མཐོ་གནོན་བགྲོད་ལམ་གཉིས་པ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་ནང་འཇུག་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།  
          གྲོས་འགོའི་ནང་། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འོད་ཧྥུ་དང་རླུང་གློག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ནུས་ཁུངས་གཙང་མ་བསྡུར་ཚད་མཐོ་པོས་ཕྱིར་གཏོང་བྱེད་པའི་བགྲོད་ལམ་ཐོག་མ་དེ་བསྐྲུན་ཡོད། ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་སྔར་ལས་ལྷག་པ་བྱ་ཆེད། མཚོ་སྔོན་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་༼ནུས་ཁུངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན༽ལ་མིང་རྟགས་བཀོད་དེ་མཚོ་སྔོན་ནས་ཅང་སུའུ་བར་གྱི་དམིགས་བསལ་མཐོ་གནོན་གློག་འདྲེན་ལས་གྲའི་འབྲེལ་ཡོད་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་བསམ་འཆར་གཅིག་མཐུན་བྱུང་བ་རེད། འདིས་ཅང་སུའུ་ཡི་གློག་ཤུགས་མི་འདང་བའི་ཆ་གསབ་ཐུབ་པ་དང་། གློག་ཤུགས་མཁོ་སྤྲོད་བྱ་རྒྱུ་འགན་ལེན་ཐུབ་པ། ནུས་ཁུངས་གྲུབ་ཆ་ལེགས་སྒྱུར་བྱེད་པ། ནུས་ཁུངས་གཙང་མའི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱས་པ་མ་ཟད། སྤྱི་ལོ་2030ལོའི་གོང་ཅང་སུའུ་ཡི་ཐཱན་འབུང་བཤངས་མཐོ་ཤོས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་རྒྱུ་ཡིན་པ་རེད།
          མཚོ་སྔོན་འཐུས་མི་ཚོགས་པས་ནུས་ཁུངས་གསར་པ་ཞིང་ལྗོངས་བརྒལ་ནས་ཕྱིར་གཏོང་བྱེད་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི་དམིགས་བསལ་མཐོ་གནོན་བགྲོད་ལམ་གཉིས་པ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་ནང་འཇུག་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད། 
          སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པར་ཞུགས་པར་ཕེབས་པའི་མཚོ་སྔོན་འཐུས་མི་ཚོགས་པས་ཟི་ལིང་ནས་ཡུལ་ཤུལ་བར་དང་དེ་ནས་ཆབ་མདོ་བར་གྱི་ལྕགས་ལམ་རྣམ་གྲངས་དེ་རྒྱལ་ཁབ་ལྕགས་ལམ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཛུགས་སྐྲུན་འཆར་འགོད་ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་རེད། 
          གྲོས་འགོའི་ནང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་ལྕགས་ལམ་གྱི་ཁྱབ་རྒྱ་ཆུང་བ་དང་། གཞུང་ལམ་གྱི་དྲ་བ་ཞིག་ཆགས་མེད་པ། ལྷོ་ནུབ་ས་ཁུལ་དང་འབྲེལ་མཐུད་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་། མཚོ་ལྷོ། རྨ་ལྷོ། ཡུལ་ཤུལ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིར་ལྕགས་ལམ་ཤར་གཏོང་ཐུབ་མེད་པ་རེད། 
          ཟི་ལིང་ནས་ཡུལ་ཤུལ་བར་དང་དེ་ནས་ཆབ་མདོའི་བར་གྱི་ལྕགས་ལམ་ནི་མཚོ་སྔོན་དང་། བོད་ལྗོངས། ཡུན་ནན་བཅས་ནུབ་རྒྱུད་ཀྱི་ཞིང་ལྗོངས་གསུམ་སྦྲེལ་མཐུད་བྱེད་པའི་ལྕགས་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་ཞིང་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་གཙོ་གནད་ས་ཁོངས་ཤིག་རེད། རྣམ་གྲངས་དེ་འཛུགས་སྐྲུན་བྱས་པ་དེས་ནུབ་བྱང་ས་ཁུལ་དང་། ལྷོ་ནུབ་ས་ཁུལ་འབྲེལ་མཐུད་དམ་ཟབ་ཐུབ་ནས་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཐུབ་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། མིག་སྔར་ཟི་ལིང་ནས་ཡུལ་ཤུལ་བར་དང་དེ་ནས་ཆབ་མདོ་བར་གྱི་ལྕགས་ལམ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ལྕགས་ལམ་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ནང་བཅུག་ཡོད་པས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཟི་ལིང་ནས་ཡུལ་ཤུལ་བར་དང་དེ་ནས་ཆབ་མདོ་བར་གྱི་ལྕགས་ལམ་དེ་རྒྱལ་ཁབ་ལྕགས་ལམ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཛུགས་སྐྲུན་འཆར་འགོད་ནང་བཅུག་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ལས་འགོ་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བཏོན་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོལ།