དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > གསར་འགྱུར།

འཐུས་མི་བཀྲ་ཤིས་རྡོ་རྗེས་གྲོས་འགོ་ཡག་པོ་འདི་འདྲ་ཞིག་བཏོན་འདུག

སྤེལ་དུས 2021-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

      གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ཤུགས་ཆེར་འགྲོ་བ་དང་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན། དངོས་མིན་རིག་གནས་ཤུལ་བཞག་གནས་བབ་ལ་བརྡབ་གསིག་ཆེན་ཆེན་པོ་ཕོག་ཡོད་ལ། ངག་བརྒྱུད་དང་བྱ་སྤྱོད་ལ་བརྟེན་ནས་རྒྱུན་འཛིན་བྱེད་པའི་ཤུལ་བཞག་རིག་གནས་མེད་པར་འགྲོ་བཞིན་ཡོད་པ་མ་ཚད། སྲོལ་རྒྱུན་གྱི་ལག་རྩལ་མང་པོ་ཞིག་མེད་པར་འགྱུར་ཉེན་ཆེ་ཁར། དངོས་མིན་རིག་གནས་ཤུལ་བཞག་གང་བྱུང་དུ་སྤྱོད་པའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད། རང་རྒྱལ་གྱི་དངོས་མིན་རིག་གནས་ཤུལ་བཞག་ཁྲོད་འདུས་པའི་ཀྲུང་ཧྭ་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་བསམ་པའི་རིན་ཐང་དང་། བསམ་གཞིགས་བྱེད་སྟངས། བསམ་པའི་འཆར་སྒོ། དེ་བཞིན་རིག་གནས་འདུ་ཤེས་བཅས་ལ་སྲུང་སྐྱོང་བྱེད་ཆེད། འཐུས་མི་བཀྲ་ཤིས་རྡོ་རྗེ་ནས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཟློས་གར་ཚོགས་པ་འཛུགས་སྐྱོང་དང་བཅོས་འཛུགས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
       གྲོས་འགོའི་ནང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཤུལ་བཞག་དང་དངོས་མིན་རིག་གནས་ཤུལ་བཞག་གཅིག་འདུས་ས་ཁུལ་ཞིག་ཡིན་ཞིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡོངས་སུ་ཁྱོན་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཉི་ཤུ་ཙམ་ཡོད་པའི་ཁྲོད། ཡུལ་ཤུལ་གྱི་གླུ་གར་དེ་སྔ་ས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཁར། འཛམ་གླིང་དམངས་ཁྲོད་གླུ་གར་གྱི་ལྡུམ་རའི་ནང་གི་མཛེས་སྡུག་རྣམ་པར་བཀྲ་བའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་ཡིན་པས། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་། མི་རྣམས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་འཚམ་པའི་རྒྱུན་འཛིན་མ་ལག་ཆེན་པོ་ལྡན་ཡོད་པས། མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞེས་བསྟན་ཡོད།
       བཀྲ་ཤིས་རྡོ་རྗེས་རྨང་གཞིའི་ཆ་རྐྱེན་ལེགས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཟློས་གར་ཚོགས་པ་སྔོན་ལ་བཙུགས་ཐོག དཔེ་དབྱིབས་ཆགས་རྗེས་མཚོ་སྔོན་ཞིང་ཆེན་ཡོངས་ནས་འདྲ་བཟོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་རིག་གནས་སྟོབས་ཆེའི་ཞིང་ཆེན་སྐྲུན་བཟོ་བྱེད་ཆེད་ཤེས་ལྡན་མི་སྣ་དང་ཐོན་ཁུངས་གསོག་འཇོག་བྱེད་ཆོག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ད་ཡོད་སྒྱུ་རྩལ་ཚོགས་པའི་རྨང་གཞིའི་ཐོག་ལ་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཟློས་གར་ཚོགས་པ་བསྒྱུར་བཟོ་རྒྱས་སྐྲུན་བྱས་ནས། དངོས་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། མྱུར་སྐྱོབ། དེ་བཞིན་སྲུང་སྐྱོང་བཅས་བྱེད་པ་དང་། སྒྱུ་རྩལ་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་ཕུལ་བྱུང་གི་མི་རིགས་སྙིང་སྟོབས་རྒྱུན་འཛིན་དང་། ཁྱབ་སྤེལ། ཤུགས་ཆེར་བཅས་གཏོང་བ། དེ་བཞིན་རྣམ་གྲངས་ཀྱི་བརྟག་དཔྱད་ཞིབ་འཇུག་ལག་བསྟར་དང་རིག་གནས་སྤེལ་རེས་བྱེད་པ། ཁྱད་ལྡན་རོལ་དབྱངས་དང་ཞབས་བྲོའི་སློབ་དེབ་རྩོམ་སྒྲིག་བྱས་ཏེ། རང་ས་གནས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་གོང་འཕེལ་གྱི་གནས་བབ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པ་དང་ཆབས་ཅིག་ཏུ་རིག་གནས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་དང་། རིག་གནས་ཀྱི་ཐོན་ལས་ཚོང་རར་སྐུལ་སློང་། ལས་ཞུགས་ལས་གནས་མང་དུ་གཏོང་བ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད་པས། སྤྱི་ཚོགས་རིག་གནས་ཀྱི་རྨང་གཞི་བརྟན་གཏོང་དང་། རིག་གནས་ཀྱི་སྣ་མང་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱ་ཆེད་མཚོ་སྔོན་གྱི་གསོན་ཉམས་ལྡན་པའི་མ་དཔེ་ཞིག་མཁོ་འདོན་བྱས་ཐོག གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་གཏམ་རྒྱུད་གླེང་བ་དང་མཚོ་སྔོན་གྱི་སྐད་སྒྲ་སྒྲོག་དགོས་ཞེས་བཏོན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།