དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > གསར་འགྱུར།

འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅིར་བསྟན་པའི“བྱི་ལ”དེ་གཉིས་ཅི་ཞིག་ཡིན་ནམ

སྤེལ་དུས 2021-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཟླ་3ཚེས་7ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་གྱི་གནས་ཚུལ་ཞིག་ལ་ཚང་མས་དོ་ཁུར་ཆེན་པོ་བྱས་ཡོད།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་ཁུང་ཆིང་ཅུས་ཀྱིས་པར་རིས་གཉིས་བཏོན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་རྗེ་བའི“བྱི་ལ་”གཉིས་བསྟན་པ་རེད།
     ཐང་རྒོད་བྱི་ལ་དང་གསའ་ཕྱིར་ལོག་བྱས་ཡོད་པ་དེས། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་མཚོན་ཞིང་། ཁུང་ཆིང་ཅུས་ཀྱིས་ལག་ཏུ་བཟུང་ཡོད་པའི་པར་དེ་གཉིས་ནི་དམར་ཕྱིའི་འོད་ཐིག་པར་ཆས་ཀྱིས་རང་འགུལ་ངང་བླངས་པ་ཡིན་ཞིང་། གཅིག་ནི་རྩྭའི་གསེབ་ཏུ་ཡོད་པའི་ཐང་རྒོད་བྱི་ལ་དང་གཞན་དེ་ནི་ནགས་ཚལ་ཁྲོད་དུ་སྐྱོད་ཀྱིན་པའི་གསའ་ཡིན། སྲོག་ཆགས་དེ་གཉིས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་འཚོ་གནས་བྱས་ཡོད།
ཐང་རྒོད་བྱི་ལ། 
གསའ།
          ཁུང་ཆིང་ཅུས་ཀྱིས། འདྲ་པར་ནི་སྐད་ཆ་ཁྲི་སྟོང་ལས་ལྷག ངས་སྙན་ཞུ་ཞུ་སྐབས་ཡིད་ཆེས་དང་སྤོབས་སེམས་ཆེན་པོས་པར་དེ་བསྟན་པ་ཡིན་ལ། པར་ལས་ང་ཚོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་གསལ་བཤད་བྱེད་ཐུབ། ད་ལྟ་སྔོན་ཆད་ལྟ་བུའི་གང་བྱུང་དུ་བྱེ་རྡོ་སྔོག་མཁན་(གནས་ཚུལ་)ཧ་ལམ་མཐོང་རྒྱུ་མེད། སྐྱ་ཐང་ཐང་གི་རི་བོ་ཡང་ལྗང་མདོག་ཏུ་གྱུར་ཞིང་བྱེ་རླུང་ཡང་སྔོན་ཆད་ལས་ཇེ་ཉུང་དུ་ཕྱིན་ཡོད་ལ་ང་ཚོའི་ཆུ་བོ་ཡང་དྭངས་མོ་རུ་གྱུར་ཡོད་ཅེས་བརྗོད་འདུག
          དེ་སྔ་ཕྱུགས་འཚོ་དྲགས་པ་དང་། གཏེར་ཁ་སྔོག་པ། ནགས་ཤིང་གང་བྱུང་དུ་གཅོད་པ་བཅས་ཀྱིས་མདོ་ལ་རིང་མོར་ཉམས་ཆག་ཆེན་པོ་ཐེབས་ཡོད། མདོ་ལའི་རི་འདབས་ནས་འཚར་ལོངས་བྱུང་བའི་ཁུང་ཆིང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ཇེ་ནན་དུ་ཕྱིན་པ་དང་། རི་ཆུ་སླར་གསོ་ཐུབ་པ། མི་སེར་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་པ་བཅས་དངོས་སུ་ཉམས་སུ་མྱངས་ཡོད། གསའ་དང་ཐང་རྒོད་ཀྱི་བྱི་ལ་ཕྱིར་ལོག་བྱས་ཡོད་པ་དེས་ཀྱང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད།
ཐང་རྒོད་བྱི་ལ་5མཉམ་དུ་པར་གཅིག་ཏུ་ཐོན་པའི་མཐོང་དཀོན་པའི་སྣང་ཚུལ།
          ཀྲུང་གོ་བྱི་ལའི་ཚན་ཁག་སྲོག་ཆགས་སྲུང་སྐྱོང་མནའ་འབྲེལ་ཚན་ཞིབ་དང་སྲུང་སྐྱོང་གི་གཙོ་གཉེར་བ་ལིའུ་ཡན་ལིན་གྱིས་འཐུས་མི་ཁུང་ཆིང་ཅུས་ཀྱིས་བསྟན་པའི་ཐང་རྒོད་ཀྱི་བྱི་ལའི་པར་དེ་ནི།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁོངས་རྒྱ་མདོ་རྫོང་སྟག་རོང་དུ་བཞག་ཡོད་པའི་དམར་ཕྱིའི་འོད་ཐིག་གི་པར་ཆས་ཀྱིས་པར་བརྒྱབ་པ་ཞིག་ཡིན་པར་བརྗོད།
          2017ལོའི་ཟླ་8པར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་པེ་ཅིང་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ཐང་རྒོད་བྱི་ལར་ཆེད་དོན་བརྟག་དཔྱད་བྱས་པ་དང་། སྐབས་དེ་ནས་བཟུང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནས་ཐང་རྒོད་བྱི་ལ་འགྲོ་འདུག་གི་འདྲ་པར་མང་པོ་ལོན་ཡོད་པ་རེད།
          2020ལོའི་ཟླ་8ཚེས་18ཉིན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་ཏེ། ཐང་རྒོད་བྱི་ལ་ཞིག་གིས་ཕྲུ་གུ་བཞི་གསོས་པའི་གནས་ཚུལ་ལ་ལྟ་ཞིབ་ཀྱི་གོ་སྐབས་བྱུང་བར་བརྗོད་པ་དང་།ཐང་རྒོད་བྱི་ལ་ལྔ་དུས་མཚུངས་སུ་པར་གཅིག་ཏུ་འདུས་པ་ནི་མཐོང་དཀོན་པ་ཞིག་ཡིན།
ཐང་རྒོད་བྱི་ལ། པར་རིས་ཀྱི་འབྱུང་ཁུངས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་དྲ་ཚིགས།
          གཞན་ཡང་ཚན་ཞིབ་ཚོགས་པས་2020ལོའི་ཟླ་5ཚེས་16ཉིན་ནས་ཟླ་6ཚེས་16ཉིན་བར་གྱི་དུས་མཚམས་དང་པོའི་ཡུལ་དངོས་བརྟག་དཔྱད་བྱས་པར་གཞིགས་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཀྱི་ཁོངས་གཏོགས་ཡིན་པའི་ས་ཁུལ་དུ་འདུས་ཚད་ཅུང་མཐོ་བའི་ཐང་རྒོད་བྱི་ལའི་ཁྱུ་ཚོགས་ཁྱབ་ཡོད་པ་ཐོག་མར་གཏན་འཁེལ་བྱུང་བ་རེད། གནས་དེ་ནི་ད་ལྟའི་དུས་མཚམས་སུ་རྒྱལ་ནང་གི་ཐང་རྒོད་བྱི་ལ་མཐོང་སླ་ཤོས་ཀྱི་ས་ཁོངས་དེ་ཡིན། 
          གཞན་ཡང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁོངས་སུ་ཤྭ་བ་མཆུ་དཀར་དང་ཤྭ་བ་སོགས་རྨིག་པ་ཅན་གྱི་སྲོག་ཆགས་དང་། ས་མཐོའི་རི་བོང་སོགས་འོ་འཐུང་སྲོག་ཆགས་ཆུང་གྲས་དང་འདབ་ཆགས་རིགས་ཀྱི་གྲངས་འབོར་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། དེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁོངས་དེ་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཡིན་པ་མཚོན་གྱི་ཡོད་པ་རེད།
པར་རིས་ཀྱི་འབྱུང་ཁུངས།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་དྲ་ཚིགས།
གསའ་ནི་ས་མཐོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡིན་མིན་གྱི“རླུང་གནོན་རྩིས་ཆས་”དང་མཚུངས།
          འཐུས་མི་ཁུང་ཆིང་ཅུས་ཀྱིས་བསྟན་པའི་གསའ་ཡི་པར་རིས་ནི་2020ལོའི་ཟླ་5ཚེས་10ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཉིང་ཧུའུ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོང་མི་སྣས་བཞག་པའི་དམར་ཕྱིའི་འོད་ཐིག་གི་པར་ཆས་ཀྱིས་པར་བརྒྱབ་པ་ཞིག་ཡིན་ལ། དེ་ནི་ཉིང་ཧུའུ་དོ་དམ་ཁུལ་ནས་བརྒྱབ་པའི་གསའ་ཡི་བརྙན་པར་ཐོག་མ་དེ་ཡིན།
པར་རིས་ཀྱི་འབྱུང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
     གསའ་ནི་ས་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་གཙོ་བོ་ཞིག་ཡིན་ཞིང་། དེའི་མིང་ལ་ས་མཐོའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི“རླུང་གནོན་རྩིས་ཆས་”ཞེས་བརྗོད་ཀྱི་ཡོད། གསའ་ཡོད་པ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དངོས་རིགས་ཕུན་སུམ་ཚོགས་པ་དང་ཟས་ཕྲེང་ཆ་ཚང་པོ་ཡོད་པ་མཚོན་གྱི་ཡོད་པ་མ་ཟད། མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་མདོ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་ཕྱིན་པ་བཅས་གསལ་བཤད་གང་ལེགས་བྱས་ཡོད་པ་རེད།
གསའ། པར་རིས་ཀྱི་འབྱུང་ཁུངས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་དྲ་ཚིགས།
རྩོམ་སྒྲིག་པ། བདེ་སྒྲོལ།