དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > པར་རིས་གསར་འགྱུར།

བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་བོད་ལྗོངས་སུ་གཏོང་རྒྱུ་རེད།

སྤེལ་དུས 2021-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           གཏམ་བཟང་།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལུའུ་ཏུང་ཧྥུཡིས“ད་ལོའི་ཟླ7པའི་ཚེས1ཉིན་གྱི་སྔོན་དུ་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་སྒུལ་ཤུགས་གཉིས་ལྡན་གྱི་མེ་འཁོར་ལྷ་སར་བཏང་སྟེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད”ཅེས་བཤད།

           རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་སྒུལ་ཤུགས་གཉིས་ལྡན་གྱི་མེ་འཁོར་ས་བབ་མཐོ་བ་དང་། ནུབ་རྒྱུད་རི་ཁུལ། ཕུག་ལམ་མང་བ་སོགས་སྣ་མང་རྙོག་འཛིང་ཆེ་བའི་འཁོར་སྐྱོད་ཁོར་ཡུག་དང་འཚམ་ཐུབ་པ་བྱས་ཤིང་། མིག་སྔར་དེའི་ཁྲོད་ཀྱི་ལག་རྩལ་མང་པོ་ཞིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་དང་ལག་རྩལ་ཁག་གཅིག་གིས་ད་དུང་འཛམ་གླིང་གི་ལྕགས་ལམ་ལག་རྩལ་གྱི་སྟོང་ཆ་ཡང་བསྐངས་ཡོད་པ་རེད།
           ལུའུ་ཏུང་ཧྥུ་ཡིས་ད་ལོའི་ཟླ7པའི་ཡར་སྔོན་དུ་ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་ནས་ཧྲང་ཧའེ་བར་དང་། པེ་ཅིང་ནས་ཧའར་པིན་བར། པེ་ཅིང་ནས་ཀོང་ཏུང་བར། ཁྲེང་ཏུའུ་ནས་ཁྲུང་ཆིང་བར་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་ལ་གཅིག་སྡུད་ཀྱིས་བསྐྱར་དར་རྟགས་ཅན་གྱི་རིག་ལྡན་སྒུལ་འཁོར་བཏང་ནས་དམངས་ཚོགས་ལ་སྤུས་ཚད་མཐོ་བའི་འགྲུལ་བཞུད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་རིག་ནུས་སྒུལ་འཁོར་ལ་རིག་ནུས་འཁོར་གཏོང་དང་། རིག་ནུས་ཞབས་ཞུ། རིག་ནུས་ཞིག་གསོ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། 2019ལོའི་ཟླ12པར་པེ་ཅིང་ནས་ཀྲང་ཅ་ཁོའུ་བར་མྱུར་བགྲོད་ལྕགས་ལམ་ཉམས་ལེན་གྱིས་གཉེར་མགོ་བརྩམས་པ་དེས་རྒྱ་ཆེའི་འགྲུལ་བཞུད་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད།

           ལུའུ་ཏུང་ཧྥུ་ཡིས་མིག་སྔར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་བསྐྱར་དར་རྟགས་ཅན་གྱི“CR450ཚན་རྩལ་གསར་གཏོད་ལས་གྲྭ”སྒྲིག་འཛུགས་བྱེད་བཞིན་ཡོད་པ་རེད། “ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་ལམ་གྱི་གནས་ཚུལ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག ང་ཚོས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཟིན་པའི་མྱུར་བགྲོད་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཐད་གཙོ་བོ་མྱུར་བགྲོད་ལྕགས་ལམ་གྱི་སྒུལ་བདེའི་སྒྲིག་ཆས་ལག་རྩལ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་སྟེ། དུས་རབས་གསར་པར་སྔར་བས་མྱུར་བ་དང་། སྔར་བས་བདེ་འཇགས། སྔར་བས་ཁོར་ཡུག་སྲུང་སྐྱོང་། སྔར་བས་ནུས་རྒྱུ་གྲོན་ཆུང་། སྔར་བས་རིག་ནུས་ལྡན་པ་བཅས་ཀྱི་བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་ཐོན་རྫས་གསར་པ་ཞིབ་བཟོ་བྱས་ནས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་ཚོང་ལས་ཕྱོགས་ལ་གཉེར་བ་ཇེ་མགྱོགས་དང་། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དེ་ཀུན་གྱི་སྣེ་ཁྲིད་ཡིན་པའི་ལེགས་ཆ་མུ་མཐུད་ནས་བརྟན་པོར་གཏོང་དགོས”ཞེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།