དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ནང་དོན་ཕུན་སུམ་ཚོགས་པོ་འདུག

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན། ཡོངས་བསྒྲགས་ཚོགས་འདུ་དེ་དྲ་རྒྱའི་བརྙན་ལམ་གྱི་ཐོག་ནས་འཚོགས་པ་རེད།

          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དེ།
          ཟླ3པའི་ཚེས4ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་ཟླ3པའི་ཚེས10ཉིན་མཇུག་སྒྲིལ་རྒྱུ་རེད།
          ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དེ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་མི་དམངས་ཚོགས་ཁང་ཆེན་མོར་འཚོག་རྒྱུ་ཡིན་པ་དང་ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་རེད་ཅེས་མཚམས་སྦྱོར་གནང་།
          ཚོགས་ཆེན་ཐོག་འཆར་འགོད་གཏན་འབེབས་བྱས་པའི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས་དེར་གྲོས་ཞིབ་གནང་རྒྱུ་ཡིན་པ་དང་། དེ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་ཞུ་གཞན་དག་ལ་གསན་པ་ནས་གྲོས་བསྡུར་གནང་རྒྱུ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང2035ལོའི་ཕུགས་རྒྱང་རིང་བའི་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་ལ་གྲོས་བསྡུར་གནང་རྒྱུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་དང་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་བཅས་ཡིན།
          “ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོ་ཐེངས་གསུམ་པོ་དེ།
          དྲ་རྒྱའི་བརྙན་ལམ་གྱི་ཐོག་ནས་སྤེལ་རྒྱུ་ཡིན་པ།
          ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་ད་ཐེངས་ཀྱི་ཚོགས་ཆེན་སྐབས་སུ་འདི་ལ་འགོ་ཚུགས་པའི་གྲོས་ཚོགས་དང་མཇུག་སྒྲིལ་བའི་གྲོས་ཚོགས། དེ་བཞིན་ཚོགས་ཆེན་ཐེངས་གཉིས་ཀྱི་གཏམ་བཤད་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དེའི་ཁྲོད་ཚོགས་ཆེན་ཐེངས་དང་པོའི་གཏམ་བཤད་དེ་བརྙན་ལམ་ཚོགས་འདུའི་ཐོག་ནས་སྤེལ་རྒྱུ་དང་། ཚོ་ཆུང་གི་ཚོགས་འདུ་ཐེངས6བཀོད་སྒྲིག་བྱས་ཡོད། འགོ་ཚུགས་པའི་གྲོས་ཚོགས་དང་མཇུག་སྒྲིལ་བའི་གྲོས་ཚོགས་ཀྱི་ཐོག་ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་དག་ཟུར་ཉན་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན། ད་ལྟ་ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་ཡོངས་རྫོགས་གྲ་སྒྲིག་བྱས་ཚར་ཡོད་ཅེས་མཚམས་སྦྱོར་གནང་།
          རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དང་ཚོགས་ཡུན་གྱི་བཀོད་སྒྲིག་ལ་གཞིགས་ནས། ད་ལོའི་ཚོགས་ཆེན་ཐོག་སྨྱན་སྦྱོར་བཅར་འདྲི་བྱེད་པའི་ཐད་སྔར་བཞིན་ན་ནིང་གི་བྱ་ཐབས་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་དུ་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཉུང་ཤས་ཤིག་མི་དམངས་ཚོགས་ཁང་ཆེན་མོར་ཡུལ་དངོས་ནས་བཅར་འདྲི་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན་པ་དང་། དྲ་རྒྱའི་བརྙན་ལམ་གྱི་རྣམ་པ་བརྒྱུད་ནས“ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲི་བྱེད་སྒོ་ཐེངས་3བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲ་རྒྱའི་གསར་འགྱུར་ལྟེ་གནས་ཀྱིས་ལེ་ཚན་བཀོད་སྒྲིག་བྱས་ནས་ཚོགས་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་དང་། ཡིག་ཆ་གཙོ་བོ། འབྲེལ་ཡོད་ཆ་འཕྲིན་བཅས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

          ཀྲུང་གོར་རིམ་རྩིས་བྱས་ན་རིམས་ནད་འགོག་ཁབ་ཐེངས་ཁྲི5200ལྷག་བརྒྱབ་ཅིང་།
          རྒྱལ་ཁབ69ལ་རིམས་ནད་འགོག་ཁབ་ཀྱི་རོགས་སྐྱོར་བྱས་ཡོད།
          ཀྲུང་གོའི་ཏོག་གསར་རིམས་ནད་འགོག་ཁབ་ཀྱི་གནད་དོན་སྐོར་ལ་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་མཚམས་སྦྱོར་གནང་དོན། ཟླ2པའི་ཚེས28ཉིན་བར། ཀྲུང་གོར་རིམ་རྩིས་བྱས་ན་རིམས་ནད་འགོག་ཁབ་ཐེངས་ཁྲི5200ལྷག་བརྒྱབ་ཅིང་། རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་ཀྲུང་གོའི་རིམས་ནད་འགོག་ཁབ་རྒྱག་རྒྱུའི་ཆོག་མཆན་བཀོད་པ་དང་རྒྱལ་ཁབ་ཁ་ཤས་ཀྱི་འགོ་ཁྲིད་པས་སྣེ་ཁྲིད་དེ་ཀྲུང་གོའི་རིམས་ནད་འགོག་ཁབ་བརྒྱབ་ཡོད་པས། དེས་ཀྲུང་གོའི་རིམས་ནང་འགོག་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ཡང་གསལ་བཤད་བྱས་ཡོད། ཟླ2པའི་ཟླ་མཇུག་བར། ཀྲུང་གོས་རྒྱལ་ཁབ69དང་རྒྱལ་སྤྱིའི་རྩ་འཛུགས2ལ་རིམས་ནད་འགོག་ཁབ་ཀྱི་རོགས་སྐྱོར་བྱས་པ་མ་ཟད། རྒྱལ་ཁབ28ལ་རིམས་ནད་འགོག་ཁབ་ཕྱིར་གཏོང་བྱས་པ་དང་གྲངས་འབོར་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོས་རིམས་ནད་འགོག་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་དུ་བསྟར་རྒྱུར་རོགས་རམ་བྱ་ཆེད་ཡིན།
          མིག་སྔར་ཏོག་གསར་རིམས་ནད་དེ་སྔར་བཞིན་རྒྱལ་ཁབ་མང་པོ་ཞིག་ཏུ་མཆེད་བཞིན་ཡོད་པས། ང་ཚོས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་ལ་དཔུང་པ་མཉམ་གཤིབ་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རིམས་ནད་ལས་གང་མགྱོགས་ཀྱིས་རྣམ་པར་རྒྱལ་བར་བརྩོན་ལེན་བྱེད་འདོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ང་ཚོས་འབད་བརྩོན་དང་ལེགས་སྐྱེས་ཕུལ་ཡོད།
          དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་བདེ་བླག་ངང་སྤེལ་བ།
          ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་མིག་སྔར་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་། འགྲན་བསྡུར་ཚོགས་ར་ཚང་མ་བསྐྲུན་ཚར་ཡོད་ལ་པེ་ཅིང་ནས་ཀྲང་ཅ་ཁོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་པེ་ཅིང་ནས་ཁྲུང་ལི་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད། འགྲན་བསྡུར་སྒྲིག་འཛུགས་དང་། འགྲན་ཚོགས་ཀྱི་ཞབས་ཞུ། དྲིལ་བསྒྲགས། རྒྱལ་སྤྱིའི་སྤེལ་རེས་སོགས་ཀྱི་གྲ་སྒྲིག་གི་ལས་ཀ་རྣམས་ཏན་ཏིག་ངང་སྤེལ་བཞིན་ཡོད། སྤྱིའི་ཆ་ནས་བལྟས་ན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད། ད་ལྟ་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པར་ད་དུང་ལོ་གཅིག་ཉར་བ་ཙམ་ཡོད་པའི་སྐབས་སུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དེ་ནུས་ཤུགས་ཡོད་རྒུས་མཐའ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅེས་མཚམས་སྦྱོར་གནང་།
          ཕྱི་རྒྱལ་གྱི་སྲིད་ཚོང་པ་ཁག་གཅིག་གིས་ལུས་རྩལ་འགུལ་སྐྱོད་ཆབ་སྲིད་ཅན་དུ་བཏང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དང་དེ་འཚོག་རྒྱུར་འགོག་རྐྱེན་བཟོ་བའི་རེ་ངན་འཆང་གིན་འདུག བྱེད་ཐབས་འདི་དག་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་ལ། བྱ་སྤྱོད་དེ་རིགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མི་ཐོབ་པར་ངལ་བ་འབྲས་མེད་ཅིག་ཡིན་པས་དེ་དག་གི་བསམ་དོན་འགྲུབ་མི་སྲིད།
          མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་ཕུལ་བ།
          ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་དང་སྒེར་གསང་སྲུང་རྒྱུར་དམིགས་ནས་ལས་དོན་འབོར་ཆེན་སྤེལ་ཏེ་འབྲེལ་ཡོད་གྲོས་གཞི་ཕུལ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ལས་དོན་སྤེལ་ཞིང་དེའི་ནང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་བཟོ་བ་དང་། APPཡིས་ཁྲིམས་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་ཚུད་ཡོད། སྤྱི་པའི་བདེ་འཇགས་བརྙན་ལམ་ལ་ལྟ་སྐུལ་ཚོད་འཛིན་དང་མིའི་ངོ་གདོང་བཤེར་འབྱེད་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུར་དོ་དམ་བྱེད་ཤུགས་ཆེར་གཏོང་དགོས། མིག་སྔར་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་ཅེས་མཚམས་སྦྱོར་གནང་།
རྩོམ་སྒྲིག་པ། བདེ་སྒྲོལ།