ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱས་པ།

སྤེལ་དུས 2021-03-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས“ཚོགས་འདུ་གཉིས”ཀྱི་གནས་ཚུལ་ཐད་གཏོང་ལ་གཅིག་སྡུད་ལྟ་ཉན་བྱེད་བཞིན་པ།
འདི་ནི་འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་རྟོག་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གནས་ཚུལ་ཐད་གཏོང་ལ་གཅིག་སྡུད་ལྟ་ཉན་བྱེད་བཞིན་པ།
འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་བཟོ་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གནས་ཚུལ་ཐད་གཏོང་ལ་ལྟ་ཉན་བྱེད་བཞིན་པ།
        ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོཌ་ནས་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ལྟ་ཉན་ནན་ཏན་བྱས་པ་རེད། ཚོགས་འདུ་གྲོལ་རྗེས་ཚང་མས་གྲོས་བསྡུར་འཁྲུག་པོ་བྱས་ཏེ། གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་བསམ་ཚུལ་དང་མྱོང་ཚོར་གླེང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།