ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > སྲིད་གྲོས་ཚོགས་འདུ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས་སྐྱེས་མ་སོ་སོ་ནི་སྐལ་བཟང་མེ་ཏོག་ལྟ་བུར་མཛེས་སྡུག་ལྷམ་མེར་བཞད་རྒྱུའི་རེ་བ་ཡོད་ཟེར།

སྤེལ་དུས 2021-03-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན།  པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤ་ཡ་ལྷོ་མ་ཞིབ་འཇུག་སའོ་ཡི་སའོ་ཀྲང་སྤེན་པ་ལྷ་མོས་ཁ་པར་གྱི་སྐུད་ལམ་ནས་ཀྲུང་གོའི་བོད་ལྗོངས་དྲ་བའི་བཅར་འདྲི་དང་ལེན་གནང་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤ་ཡ་ལྷོ་མ་ཞིབ་འཇུག་སའོ་ཡི་སའོ་ཀྲང་སྤེན་པ་ལྷ་མོ།
          ཉིན་དེ་ནི་ཏག་ཏག་གསུམ་བརྒྱད་བུད་མེད་དུས་ཆེན་དང་འཁེལ་ཡོད་ཅིང་།  སྐྱེས་མ་དག་གིས་སྤྱི་ཚོགས་དཔལ་འབྱོར་ཐད་ཐོན་པའི་ནུས་ཤུགས་ཇེ་དྲག་དང་སྤྱི་ཚོགས་གོ་གནས་མཐོར་འདེགས་བྱུང་པའི་འགྱུར་ལྡོག་སྐོར་གླེང་སྐབས། སྤེན་པ་ལྷ་མོས་རང་སྟེང་གི་ཟུར་ངོས་ནས་རང་གི་མྱོང་ཚོར་གླེང་བྱུང་།
          སྤེན་པ་ལྷ་མོས།  དེ་སྔོན་ང་ཚོས་མང་ཤོས་ཕོ་མོའི་དབང་ཆ་འདྲ་མཉམ་འཚོལ་སྙེགས་བྱས་པ་རེད། དེང་ཆར་སྐྱེས་མ་དག་གིས་ལས་རིགས་ཁག་ཏུ་ཐོན་པའི་ནུས་པ་སྔར་ལས་ཇེ་ཆེ་ཡིན་པ་དང་། ཕན་ནུས་ཀྱང་མངོན་གསལ་དོད་པོར་གྱུར་ཡོད། ང་རང་མྱོང་ཚོར་ཟབ་ཤོས་ནི་ག་ས་གང་དུ་སྐྱེས་མ་ཕུལ་བྱུང་བ་དག་མཐོང་ཚད་སྔར་ལས་ཀྱང་ཇེ་མང་དུ་གྱུར་ཡོད། ངས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོར་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བྱེད་ཀྱི་ཡོད་ལ། མཐོ་རིམ་རིག་མཛོད་གླེང་སྟེགས་དང་ཞིབ་འཇུག་བགྲོ་གླེང་དུ་ཞུགས་སྐབས། ཉེ་འཁོར་དུ་སྐྱེས་མ་སྔར་ལས་ཇེ་མང་དུ་འགྲོ་གིན་ཡོད་པ་མཐོང་ཐུབ་ཅིང་།  རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་སུའང་སྐྱེས་མ་ཞུགས་ཚད་ཀྱང་སྔར་བས་ཇེ་མང་དུ་འགྲོ་གི་འདུག་ཅེས་ཟེར།
          སྤེན་པ་ལྷ་མོས།  སྐྱེས་མ་སྤུན་ཟླ་དག་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ལ། སྐྱེས་མ་སོ་སོ་ནི་རྩྭ་ཐང་སྟེང་གི་སྐལ་བཟང་མེ་ཏོག་ལྟ་བུར་རང་གི་མི་ཚེ་ནི་གཟི་མདངས་འཚེར་ཞིང་མཛེས་སྡུག་ལྷམ་མེར་བཞད་རྒྱུའི་རེ་བ་ཡོད་ཟེར།
རྩོམ་སྒྲིག་པ། སྣང་རྡོར།