བོད་ལྗོངས་ཀྱིས2021ལོའི་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”70བདམས་པ།
སྤེལ་དུས 2021-05-19
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཚེས་16ཉིན་གྱི་ཕྱི་དྲོ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2021ལོའི་བོད་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོའི་ཐོག་བོད་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”70ཡོངས་བསྒྲགས་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་རྒྱ་མཚོ་ལྷ་མོ་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བྱེད་སྒོའི་ཐོག “ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཡིན་ལ། བོད་ལྗོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བུད་མེད་གོང་བུ་གཅིག་ཏུ་འགྲིལ་བ། བུད་མེད་དྲིལ་བསྒྲགས་བྱེད་པ། བུད་མེད་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་རེད། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཏེ། དུས་སྐབས་གསར་པའི་ཁྱིམ་སྲོལ་འཛུགས་སྐྱོང་གི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་གི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་ཁྱིམ་ཚང་གི་ཧུར་བརྩོན་རང་བཞིན་འཕེལ་གང་ཐུབ་བྱེད་དགོས། ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱས་ནས“ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོའི་བར་མཐོངས་ཆེ་རུ་གཏོང་དགོས་པ་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།