2021ལོའི་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་སྦྱོང་བརྡར་ཆེ་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
སྤེལ་དུས 2021-05-19
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ལྷ་སར་2020ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་སྦྱོང་བརྡར་ཆེ་མོའི་བརྡ་ཁྱབ་ཚོགས་འདུ་དང་2021ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་སྦྱོང་བརྡར་ཆེ་མོའི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་གྱི་སྦྱོང་བརྡར་ཆེ་མོའི་བྱེད་སྒོ་སྤེལ་བའི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། དངོས་འཐབ་སྦྱོང་བརྡར་དང་། ཚད་ལྡན་སྦྱོང་བརྡར། སྤྱི་འདོམས་སྦྱོང་བརྡར། རྒྱུན་གཏན་གྱི་ཁྲིམས་འཛིན། ཕན་ཚུན་ཁྲིམས་འཛིན་བཅས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྦྱོང་བརྡར་གྱི་དོན་སྙིང་དང་། སྦྱོང་བརྡར་གྱི་འགག་རྩ། རེས་སྐོར་སྦྱོང་བརྡར། སྦྱོང་བརྡར་བྱ་ཐབས་བཅས་ལ་སྟངས་འཛིན་ཡང་དག་བྱས་ཏེ་ཁྲིམས་འཛིན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།