ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་བགྲེས་སོང་བསྟན་དར་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།
1940ལོར་འཁྲུངས་པའི་བསྟན་དར་ལགས་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོ་ནས་ཡིན་པ་དང་། སྤྱི་ཚོགས་རྙིང་པར་ཡུལ་དེའི་སྡེ་དཔོན་གྱི་ཞིང་བྲན་ཡིན།
འབྲོག་པའི་བཟའ་བཅའ་གཙོ་བོ་ནི་ཤ་དང་དཀར་ཆུའི་རིགས་ཡིན་རུང་། བོད་རྙིང་པར་ལོ་གཅིག་དུས་བཞིར་ཕྱུགས་འཚོ་བའི་འབྲོག་པར་ཞག་ཚིལ་རིགས་ནི་ལྟ་ཞོག་ལྟོ་གྲོད་པ་རྒྱགས་པ་ཞིག་ཀྱང་ཟ་རྒྱུ་མེད། བསྟན་དར་ལགས་ཀྱང་ཞིང་བྲན་གྱི་ཕྲུ་གུ་མང་པོ་དང་འདྲ་བར་སྐབས་དེ་དུས་ལྟོས་གྲོད་པ་རྒྱགས་མྱོང་མེད།
ཁོང་གིས། བོད་རྙིང་པར་རང་ཉིད་དགོང་མོར་ལྷགས་པ་འཚང་ཡོང་བའི་གུར་གྱི་ཟུར་དུ་འཁྱགས་ནས་འདར་སིག་སིག་བྱེད་པ་དང་ཉིན་ལྟར་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། སྡེ་དཔོན་ཁྱིམ་གྱི་ཤ་བཙོས་པའི་དྲི་མ་བསྣམས་པ་ཙམ་གྱིས་ཀྱང་བློ་ཡིད་ཚིམ་པོ་ཡོང་གི་ཡོད་ཅེས་གསུངས།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས། གུང་ཁྲན་ཏང་གིས་རྩྭ་ར་དང་ནོར་ལུག་དབུལ་པོར་བགོས། བསྟན་དར་ལགས་ཀྱིས་ད་ཆ་ང་ཚོར་རང་ཉིད་ལ་དབང་བའི་ཁང་པ་ཡོད་པ་མ་ཟད། དེ་སྔའི་སྡེ་དཔོན་གྱི་ཁང་པ་ལས་ཀྱང་ཡག་པ་ཡོད་ཅེས་གསུངས། ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ཟིན་པ་དང་། ཡར་ལངས་ཞིང་བྲན་དང་ཁོང་ཚོའི་རྗེས་རབས་པ་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
བགྲེས་སོང་བསྟན་དར་ལགས་ཀྱི་ཐོབ་ཐང་ལག་འཁྱེར། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།
བགྲེས་སོང་བསྟན་དར་ལགས་ཀྱིས་རང་ཁྱིམ་དུ་ཤ་མཆོད་གནང་བ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།
བུ་མོ་བག་གྲོས་རང་གི་ཕ་བགྲེས་སོང་བསྟན་དར་ལགས་ལ་གྱོན་གོས་ཀྱི་བཟོ་ལྟ་བཟོ་རོགས་བྱེད་པ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།
བགྲེས་སོང་བསྟན་དར་ལགས་དང་ཁོང་གི་བུ་མོ་བག་གྲོའི་མཉམ་པར། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།
བགྲེས་སོང་བསྟན་དར་ལགས་དང་ཁོང་གི་ཁྱི་ཕྲུག (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།
རྩོམ་སྒྲིག་པ། སྣང་རྡོར།