དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > ལོ་ངོ་70ཡི་གྲུབ་འབྲས།

ཚོགས་འདུ་འདིར་ཀྲུང་ཕྱིའི་གསར་འགོད་པའི་དྲི་བ་མང་པོར་ལན་བསྐྱོན་འདུག

སྤེལ་དུས 2021-05-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཚེས་22ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཆེད་དོན་ཚོགས་རར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཚུལ་ངོ་སྤྲོད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསར་འགྱུར་ཡོངས་བསྒྲགས་གནང་བ་དང་འབྲེལ་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་འབྲེལ་ཡོད་ཀྱི་དྲི་བར་ལན་བསྐྱོན་པ་རེད།

         གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཡུལ།
         ཝུའུ་དབྱིང་ཅེས་སྔར་ནས་བཟུང་། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད། ལོ་ངོ་70ཡི་རིང་རང་རེའི་ཏང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་པ། མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་བ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་ངོ་70རེད། བོད་ལྗོངས་བཙན་རྒྱལ་རིང་ལགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་ཐར་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པ། ཞིང་བྲན་ཁྲི་ཚོ་བརྒྱ་ལ་རང་ཁྱིམ་རང་བདག་བྱུང་ནས་བདག་པོར་གྱུར་པ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ཅེས་གསུངས་པ་རེད།

         ཝུའུ་དབྱིང་ཅེས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ཐོག་ཡར་བརྩོན་གྱི་ལོ་ངོ་70རེད། ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་རྒྱུན་མཐུད་ཐེར་འདོན་དགག་རྒྱག་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
    ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལོ་ངོ་70རེད། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བཅས་བྱས་པས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་མང་ཚོགས་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་ཐུབ་ཡོད་ཅེས་གསུངས་པ་རེད།

         གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཡུལ།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་ལ་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ལོ་ངོ་70རེད། ང་ཚོས་འགལ་ཟླ་གཙོ་བོ་ཧུར་ཐག་བསལ་བས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པའི་ལོ་ངོ་70རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་བཏང་བས། 2020ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1959ལོའི་སྒོར་35ནས་ལྡབ་416འཕར་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ངོ་70རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་གཅིག་ཏུ་འཆར་འགོད་བྱས་པས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་ལོ་ངོ་70ནི་བོད་ཀྱི་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་ལོ་ངོ་70རེད། ང་ཚོས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། གཞི་རིམ་གྱི་ཏང་རྩ་འཛུགས་1952ལོའི་57ནས་ཁྲི་2.19བར་མང་དུ་ཕྱིན་པ་དང་། ཏང་ཡོན་877ནས་ཁྲི་41བར་མང་དུ་ཕྱིན་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་གྱིས་81.36%བཟུང་བ་དང་། ལས་བྱེད་པའི་དཔུང་ཁག་1791ནས་ཁྲི་20.47བར་མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

         ཆེ་དགྲ་ལྷས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
         ཡོངས་བསྒྲགས་ཚོགས་འདུའི་ཐོག་སྨྱན་སྦྱོར་གསར་འགོད་པས་བོད་ལྗོངས་བཅོས་སྐྱོང་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་གྲུབ་འབྲས་ཐོན་པའི་ལག་ལེན་དང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད། དབུལ་སྐྱོར་ལས་དོན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། སློབ་གསོ་སྨན་བཅོས་བྱ་གཞག་འཕེལ་རྒྱས་སོགས་ལ་དམིགས་ནས་འཚང་ཁ་ཤིག་ཤིག་ངང་དྲི་བ་བཏོན་པ་རེད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཞིབ་ཅིང་ཕྲ་ལ་ཁུངས་བཙན་གྱི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་དྲི་བ་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།