གསོ་སྦྱོང་གི་གཤོག་རྩལ་སྦྱངས། ལས་ཞུགས་ཀྱི་ནམ་འཕང་བཅད།
སྤེལ་དུས 2021-06-10
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་གསོ་སྦྱོང་རྟེན་གཞིའི་སློབ་མས་འཚེམ་བཟོ་སྦྱོང་བཞིན་པ།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་དབང་པོ་སྐྱོན་ཅན་གསོ་སྦྱོང་རྟེན་གཞི་བཙུགས་པ་ནས་བཟུང་། གསོ་སྦྱོང་བྱེད་པར་གྲོན་དངུལ་ཕིང་གཅིག་ཀྱང་སྤྲོད་མི་དགོས་པ་དང་ལས་ཞུགས་བྱེད་པར་འགོག་རྐྱེན་མེད་པའི་རྩ་དོན་མཐའ་འཁྱོངས་བྱས་པས། རྩལ་ནུས་ཆེད་ལས་བཀོད་སྒྲིག་ལུགས་མཐུན་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྩལ་ནུས་གསོ་སྦྱོང་བྱས་ཡོད། དེ་དང་དུས་མཚུངས་གསོ་སྦྱོང་རྟེན་གཞིས་ད་དུང་སློབ་མའི་རང་ངོས་ཀྱི་གནས་ཚུལ་དང་རང་གི་འདོད་མོས་ནས་འགོ་བཙུགས་ཏེ་སློབ་མའི་ལས་ཞུགས་ཀྱི་བསམ་ཚུལ་ལ་བརྩི་འཇོག་བྱས་པས་རྫོང་ཡོངས་ཀྱི་ལས་ཞུགས་འདོད་མོས་ཡོད་མཁན་དབང་པོ་སྐྱོན་ཅན་ཚང་མ་གྲོན་དངུལ་ཕིང་གཅིག་ཀྱང་སྤྲོད་མི་དགོས་པར་གསོ་སྦྱོང་ནང་ཞུགས་ཐུབ་པ་དང་། འགོག་རྐྱེན་མེད་པར་ལས་ཞུགས་ཐུབ་པ། གཞན་ལ་བརྟེན་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱས་ཡོད།
རྩོམ་པ་པོ། སྣང་རྡོས་བསྒྲིགས།