སྡོད་ཁང་གསར་པ་དང་རྣམ་པ་གསར་པ།
སྤེལ་དུས 2021-06-15
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་དུག་ལུང་གྲོང་ཚོའི་རྣམ་པ་ཡིན་པ།
རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྐྲུན་རོགས་བྱས་པའི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུག་ལུང་གྲོང་ཚོའི་སྐྱེ་ཁམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་ཁྱོན་བསྡོམས་སྒོར་ཁྲི་3563བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་8189.91ཟིན་ཡོད། 2018ལོར་དཔེ་སྟོན་གྲོང་ཚོ་བསྐྲུན་རྗེས་དུག་ལུང་གྲོང་ཚོའི་དུད་ཚང་92ཀྱི་མི་376སྡོད་ཁང་གསར་པར་སྤོས་ཡོད། དུག་ལུང་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་སྡོད་ཁང་གསར་པ་རྒྱ་ཆེ་ཞིང་སྐྱིད་སྣང་དོད་པ་དང་། ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ། གྲོང་ཚོའི་ཁོར་ཡུག་གཙང་སྦྲ་དོད་པ་མ་ཟད། འགྲོ་ལམ་དུད་ཚང་མི་རེ་ངོ་རེའི་སྒོ་རྩ་བར་ཤར་གཏོང་ཐུབ་ཡོད།