ལྷ་སའི་གོང་དཀར་གནམ་ཐང་ནས་གནས་ཚུལ་ཞིག་འབྱོར་འདུག
སྤེལ་དུས 2021-06-16
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
ཟླ་6ཚེས་1ཉིན། CA4125རྟགས་ཅན་གྱི་རྒྱལ་སྤྱིའི་མཁའ་སྐྱོད་གནམ་གྲུ་བདེ་བླག་ངང་ལྷ་སའི་གོང་དཀར་གནམ་གྲུ་འབབ་ཐང་དུ་བཞག་པ་དེས། ལྷ་ས་གོང་དཀར་གནམ་གྲུ་འབབ་ཐང་གི་ཤར་དུ་བསྐྲུན་པའི་གནམ་གྲུ་འཇོག་ས་དེ་བདེ་བླག་ངང་སྤྱོད་མགོ་ཚུགས་པ་རེད།
ད་བར་ལྷ་ས་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་གསར་སྐྲུན་བྱས་པའི་ཤར་ནུབ་ཕྱོགས་ཀྱི་འབབ་ཚུགས་ཚང་མ་སྤྱོད་གཏོང་འགོ་ཚུགས་ཡོད་ལ། དེ་བདེ་བླག་ངང་སྤྱོད་ཐུབ་ཆེད་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཆུས་ཅུད་ཀྱི་འབྲེལ་ཡོད་ཚན་པས་ཐེངས་མང་པོར་མཉམ་འབྲེལ་སྦྱོང་བརྡར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་སྤྱོད་མགོ་ཚུགས་པའི་ཤར་ཕྱོགས་འབབ་ཚིགས་ལ་བསྡོམས་གནམ་གྲུ་འཇོག་ས་8ཡོད་ཅིང་། དེ་དག་གི་ཨང་རིམ་ནི་6ནས་13བར་ཡིན་པ་དང་། དེའི་ཁར་དེ་སྔོན་སྤྱོད་མགོ་ཚུགས་པའི་ཐག་རིང་མཁའ་འགྲུལ་གནམ་གྲུ་འཇོག་ས་༣དང་། ནུབ་གྱི་གནམ་གྲུ་འཇོག་ས་10་བསྣན་ན། ལྷ་ས་གོང་དཀར་གནམ་གྲུ་འབབ་ཐང་དུ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་གསར་སྐྲུན་བྱས་པའི་གནམ་གྲུ་འཇོག་ས་21ཡོད་པ་ཡོངས་སུ་བཙུགས་ནས་སྤྱོད་བཞིན་ཡོད་པ་རེད། ད་ལྟ་ལྷ་ས་གོང་དཀར་གནམ་ཐང་དུ་གནམ་གྲུ་འཇོག་ས་བསྡོམས་26ཡོད་པས་འཁོར་སྐྱོད་འགན་སྲུང་ནུས་པ་མཐོར་འདེགས་གཏང་ཐུབ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།