འདི་ནི་རྣམ་རྒྱལ་རྡོ་རྗེ་ལགས་ཀྱི་འདྲ་པར་ཡིན། (ཟླ་6ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
འདི་ལོ་དགུང་ལོ་83ལ་ཕེབས་པའི་རྣམ་རྒྱལ་རྡོ་རྗེ་ལགས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཞིང་པ་ཞིག་ཡིན་པ་དང་བོད་རྙིང་པར་རྣམ་སྲས་གླིང་གཞིས་ཀའི་ཞིང་བྲན་རེད། ཁོང་ཆུང་དུས་རྦད་དེ་གཞིས་ཀའི་ཞིང་བྲན་བདག་པོར་གཡོག་པོ་རྒྱུག་སྟེ་གང་དུ་བཀོད་སྒྲིག་བྱས་ན་དེ་གར་ལས་ཀར་འགྲོ་དགོས་པ་དང་། དུས་ཚོད་སྔ་ཕྱི་གང་འདྲ་ཞིག་ཡིན་རུང་ལམ་སེང་འགྲོ་དགོས་ཀྱི་ཡོད། མཚམས་རེ་ནམ་ཕྱེད་ཙམ་ལའང་ཡར་ལངས་ཏེ་ལས་ཀ་བྱེད་དགོས་ཀྱི་ཡོད། ལས་ཀ་ཕྲན་ཙམ་ནར་འགྱངས་བྱུང་ནའང་གཞིས་ཀའི་ཕྱག་མཛོད་ཀྱིས་མགོ་ལྕག་གཞུ་ཡི་ཡོད་པས་གང་སར་སྐྲངས་འབུར་གྱིས་ཁེངས་ཀྱི་ཡོད།
དགུན་ཁ་ལྷམ་གྱོན་རྒྱུ་མེད་པས་རྐང་རྗེན་མར་འགྲོ་དགོས་པ་དང་། ལོ་གཅིག་ལ་གྱོན་ཆས་གཅིག་རང་ལས་མེད་པ་དང་དེ་བཀྲུས་ན་བརྗེ་ལེན་མེད་པས་ཤིག་ཚང་ལྟ་བུ་རེད། ཞིང་བྲན་བདག་པོའི་ལུག་རྫི་བྱེད་དུས་ཉི་མ་ཚ་པོ་བསྟན་པའི་སྐབས་དང་བསྟུན་ནས་སྟོད་གོས་ཕུད་དེ་བྱེ་མ་བཤོས་ན་ཤིག་རྣམས་བྱེ་མ་ཚ་པོའི་འོག་ཤི་གི་ཡོད་པས་བརྡབ་ཙམ་བྱས་རྗེས་ཡང་བསྐྱར་གྱོན་གྱི་ཡོད།
རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས“ཞིང་ལས་བྱེད་སྐབས་གཞིས་ཀའི་བདག་པོས་རྩམ་པ་ཕྲན་ཙམ་སྟེར་བ་དེས་ཉིན་གང་འཁྱོལ་ཐབས་བྱེད་དགོས་ཀྱི་ཡོད། གཞིས་ཀའི་བདག་པོས་ཁྱིམ་དུ་མཚན་གང་མཆོད་མེ་སྤོར་གྱི་ཡོད་ཀྱང་ང་ཚོ་ཞིང་བྲན་ལ་རྩམ་པར་རྒྱག་བྱེད་ཀྱི་མར་ཡང་མེད”ཅེས་གསུངས།
རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་དཀའ་སྡུག་བཟོད་པར་དཀའ་བའི་སྔར་སོང་གི་ལོ་ཟླར་ཕྱིར་དྲན་གནང་སྐབས། གཞིས་ཀ་ཆེན་པོ་དེའི་ནང་མི་ལུས་རང་དབང་མེད་པས་གཤོག་པར་རྡོ་ཕོག་པའི་བྱིའུ་ཆུང་ལྟ་བུ་རེད་ཅེས་གསུངས་ཀྱི་འདུག
1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་། རྣམ་རྒྱལ་རྡོ་རྗེ་ལགས་ལའང་ཞིང་ཁ་དང་སྒོ་ཕྱུགས་བགོ་བཤའ་ཐོབ་ནས་ལ་རྒྱ་ཡོད་པའི་འཚོ་བ་སྐྱེལ་འགོ་ཚུགས། རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས“ད་ཆ་རྩམ་པ་ཟ་རྒྱུ་ཡོད་པ་ཕུད་ད་དུང་གང་ཟ་འདོད་ཀྱང་དེ་ཟ་རྒྱུ་ཡོད་པ་དང་། གྱོན་ཆས་འདྲ་མིན་སྣ་ཚོགས་གྱོན་རྒྱུ་ཡོད། རྒས་རྗེས་ད་དུང་རྒྱལ་ཁབ་ཀྱིས་རྒན་གསོའི་འགན་བཅོལ་དངུལ་སོགས་ཡོད་པས་དངོས་གནས་སྐྱིད་པོ་རེད”ཅེས་གསུངས།
འདི་ནི་རྣམ་རྒྱལ་རྡོ་རྗེ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་6ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་རྣམ་རྒྱལ་རྡོ་རྗེ་ལགས(དཀྱིལ)དང་ནང་མིའི་མཉམ་པར་ཡིན། (ཟླ་6ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
རྣམ་རྒྱལ་རྡོ་རྗེ་ལགས་དང་ཚ་མོ། (ཟླ་6ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
རྩོམ་སྒྲིག་པ། སྣང་རྡོར།