འདི་ནི་ཟླ་4ཚེས་30ཉིན་པར་ལེན་བྱས་པའི་དབྱངས་ཆུང་ལགས་ཀྱི་འདྲ་པར་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
དགུང་ལོ་བརྒྱད་ཅུར་ཕེབས་ཉེར་ཡོད་པའི་དབྱངས་ཆུང་ལགས་ནི་གཞིས་རྩེ་གྲོང་ཁྱེར་བདེ་ལེགས་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ཞིག་རེད།
ཁོང་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་གི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་པ་དང་ཁྱིམ་གྱི་བུ་མོ་རྒན་ཤོས་དེ་ཡང་རེད། ཁོང་ལོ་8ལ་ཕེབས་སྐབས་ཞིང་བྲན་བདག་པོའི་ཕྱུགས་རྫི་དང་ལས་ཀ་ཙག་ཙིག་སོགས་གནང་དགོས་ཀྱི་ཡོད་ཀྱང་ཞིང་བྲན་བདག་པོས་ལྟོ་གོས་ལ་ཁ་ཡ་བྱེད་ཀྱི་མེད། ཉིན་མོ་ཁོང་གིས་ནང་མིས་བསྐྱལ་བའི་རྩམ་པས་གྲོད་པ་རྒྱགས་ཐབས་གནང་བ་དང་། མཚན་མོ་ཞིང་བྲན་བདག་པོའི་ལྷས་རའམ་ཡང་ན་ཐབ་ཚང་གི་ཁུག་ཀྱོག་ཏུ་གཟིམས་དགོས་ཀྱི་ཡོད། ལོ་12ལ་ཕེབས་སྐབས། ཁོང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་བྲོས་བྱོལ་གནང་སྟེ་ཡུལ་དེའི་སྐུ་དྲག་གི་གཡོག་མོ་བྱས། ཕྱིས་སུ་སླར་ཡང་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་དུ་ཡུལ་གྱར་ནས་དཀའ་སྡུག་ཚད་མེད་མྱངས་གནང་ཡོད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དབྱངས་ཆུང་ལགས་ལ་རང་དབང་ཐོབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་མ་ཟད་གྲོང་ཚོའི་ཀྲུའུ་རེན་ཡང་གནང་། 1967ལོའི་ཟླ་9པར་དབྱངས་ཆུང་ལགས་སྐབས་དེ་དུས་ཀྱི་བོད་ལྗོངས་མི་རིགས་སློབ་གླིང་གི་འབྲིང་རིམ་ཆེད་ཚན་ནས་སློབ་གྲྭ་ཐོན་རྗེས་ལས་ཀར་ཞུགས་ནས་བུ་ཕྲུག་བསྐྱངས་གནང་ཡོད།
ད་ཆ་རྒན་ཡོལ་ཞུས་ཟིན་པའི་དབྱངས་ཆུང་ལགས་ལ་བུ་ཚ་མང་བ་དང་ཁོང་གིས་དེང་གི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་གསུངས་ཀྱི་ཡོད།
འདི་ནི་དབྱངས་ཆུང་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
དབྱངས་ཆུང་ལགས་ཀྱིས་ཁྱི་ཕྲུག་འཁྲིད་ནས་འཆམ་འཆམ་གནང་བ། (ཟླ་4ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
དབྱངས་ཆུང་ལགས་ཀྱིས་རང་ཁྱིམ་དུ་བཅར་འདྲིར་ཡོང་མཁན་གྱི་ལས་དོན་པ་དང་སྤེལ་རེས་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
རྩོམ་སྒྲིག་པ། སྣང་རྡོར།