དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

ལུའོ་པིང་ཧུའེ།

མིའི་རིགས་ཀྱི་བདེ་སྐྱིད་ཆེད་དུ་འཐབ་རྩོད་བྱེད།

སྤེལ་དུས 2021-06-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ལུའོ་པིང་ཧུའེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
 
          ལུའོ་པིང་ཧུའེ་ནི་1897ལོར་ཡུན་ནན་དབྱི་ལེང་གི་ཞིང་པ་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། 1915ལོར་ཡུན་ནན་དུ་དམག་ལ་ཞུགས་ནས་དམག་མི་བྱས་ཤིང་། དམག་རྒྱག་སྐབས་དཔའ་ངར་ཆེ་བས་དམག་མི་དཀྱུས་མ་ནས་རུ་དཔོན་ལ་འཕར་བ་དང་། ཡོན་འདུལ་རྒྱལ་སྲུང་དམག་དང་བྱང་འདུལ་དམག་འཁྲུག་ལ་ཞུགས། 1929ལོའི་ཟླ་7པར་གསང་བའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལོ་དེའི་ཟླ་11པར་ཁོང་གིས་དམག་དཔུང་འཁྲིད་དེ་འོས་ལངས་བྱས་ནས་ཀྲུང་གོ་བཟོ་ཞིང་དམར་དམག་ལ་ཞུགས།
          ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི“སྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་དམག་འཐབ་ཁྲོད། ཁོང་གིས་དེ་ལ་དེ་བསྟུན་གྱི་འཐབ་ཇུས་འཐབ་རྩལ་སྤྱད་དེ། དམག་དཔུང་ལ་བཀོད་འདོམས་ཀྱིས་ལུང་ཀང་དང་། ཀོང་ཁྲང་། ལེན་ཐང་། ནན་ཞུང་ཧྲུའེ་ཁའུ་སོགས་གཡུལ་འགྱེད་འཐབ་འཛིང་ལ་ཞུགས་པར་རྒྱལ་ཁ་བསྟུད་མར་བླངས་ཡོད།
          1934ལོའི་ཟླ10པར། དམག་དཔུང་འཁྲིད་ནས་རྒྱང་སྐྱོད་ལ་ཞུགས། ལམ་བར་དུ་ལས་འགན་ལྕི་མོ་འཁུར་ནས་ཀྲུང་དབྱང་ལས་ཁུངས་དང་དམར་དམག་གི་གཙོ་ཤུགས་བྱང་ཕྱོགས་སུ་སྐྱོད་པར་འགེབས་སྲུང་བྱས་ཏེ་བཀོད་འདོམས་ཁྱད་དུ་འཕགས་པ་གནང་། 1939ལོར་ཞིན་སི་ཅུན་གྱི་ཉིང་ལག་རུ་ཁག་དང་པོའི་སི་ལིང་ཡོན་གཞོན་པ་དང་ཉིང་ལག་རུ་ཁག་5པའི་སི་ལིང་ཡོན་གྱི་འགན་བཞེས་པ་དང་དཔུང་སྡེའི་སྣེ་འཁྲིད་དེ་ཨན་ཧུའེ་ཤར་རྒྱུད་རི་འགོག་གནས་གཞིའི་ཁུལ་བཏོད། 1940ལོའི་རྗེས་སུ་ཅང་པེ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་དང་ཉིང་ལག་རུ་ཁག་5པའི་སི་ལིང་ཡོན་གཅིག་ལྕོགས་དང་། ཧྲི་ཤོག་2པའི་ཧྲི་ཀྲང་དང་ཧུའེ་ནན་དམག་ཁུལ་ཁང་གི་སི་ལིང་ཡོན་གཅིག་ལྕོགས་སོགས་ཀྱི་འགན་འཁུར་ནས་ཧུའེ་ནན་རི་འགོག་གནས་གཞིའི་ཁུལ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་བྱས་རྗེས་གལ་ཆེན་བཞག
          བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ལུའོ་པིང་ཧུའེ་ཡིས་ཞིན་སི་ཅུན་གྱི་ཅུན་ཀྲང་གཞོན་པ་གཉིས་པ་དང་ཧྲན་ཏུང་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་གཅིག་ལྕོགས་ཀྱི་འགན་བཞེས། ནད་གཞི་ལྕི་པོ་ཕོག་ཀྱང་སྔར་བཞིན་གཡུལ་སར་དངོས་སུ་ཕེབས་ནས་དམག་འཐབ་བཀོད་སྒྲིག་གནང་། 1946ལོའི་ཟླ་6པར་ལུའོ་པིང་ཧུའེ་ཡི་ནད་གཞི་གློ་བུར་དུ་ཇེ་སྡུག་ཏུ་སོང་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། ལུའོ་པིང་ཧུའེ་ཡིས་ཚེ་གང་གི་སེམས་ཤུགས་ལ་བརྟེན་ནས་བདེན་དོན་དང་། དྲང་བདེན། དྲང་གཞག་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་པའི་དམ་བཅའ་མངོན་འགྱུར་གནང་ཡོད།
རྩོམ་སྒྲིག་པ། རིག་གྲོལ།