ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

སྒོ་ཁྲི་བཞི་ལྷག་གི་རིན་ཐང་ལྡན་པའི་རྒྱན་ཆ་ཕྱིར་རྙེད་བྱུང་།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          2021ལོའི་ཟླ8པའི་ཚེས9ཉིན་གྱི་ཆུ་ཚོད13ཡས་མས་ལ།   ཀརྨ་དགོན་གསར་མངགས་གཏོང་ཁང་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པར་མང་ཚོགས་འཆི་མེད་ཆེ་གེ་མོའི་རོགས་སྐྱོར་ཉེན་བརྡ་བཏང་བ་འབྱོར། ཟླ8པའི་ཚེས7ཉིན།  རང་ཉིད་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་རྔ་ཆེན་ལམ་བརྒྱུད་སྐབས་སུ་གཟབ་གཟབ་མ་བྱས་པར་རང་གིས་འཁྱེར་བའི་ཐུམ་སྒྲིལ་དེ་སྤྱི་སྤྱོད་རླངས་འཁོར་དུ་བོར་བརླག་ཤོར། དེ་ནས་ཉིན་འགའི་རིང་ལ་བཙལ་ཀྱང་མ་རྙེད་པས་ཉེན་རྟོག་ལས་དོན་ས་ཚིགས་སུ་རོགས་སྐྱོར་ཞུ་བར་ཡོང་སྟེ་ཁུག་མའི་ནང་དུ་སྒོར་ཁྲི་བཞི་ལྷག་གི་རིན་ཐང་ལྡན་པའི་བོད་ལུགས་རྒྱན་ཆ་འགའ་ཡོད་ཅེས་བཤད།
          གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སུ། ཉེན་རྟོག་ལས་དོན་ས་ཚིགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཕྱོགས་མང་པོར་བརྟག་དཔྱད་བྱས་པ་དང་། ཆུ་ཚོད6ལྷག་ཙམ་འགོར་རྗེས་བོར་དངོས་དེ་སྤྱི་སྤྱོད་རླངས་འཁོར་ནང་སྡོད་མཁན་གྱི་སྐྱེས་པ་ཞིག་གིས་འཁྱེར་བ་གཏན་ཁེལ་བྱུང་། དེ་རྗེས་ལས་རེས་མི་དམངས་ཉེན་རྟོག་པས་ལྟ་ཞིབ་བརྙན་མིག་གི་བརྙན་རིས་ཀྱི་ཁུངས་སྣེ་ལ་གཞིགས་ནས་ཨོ་རྒྱན་ཐང་སྡེ་ཁུལ་གྱི་བོགས་གཏོང་ཁང་པ་ཞིག་གི་ནང་ནས་སྐྱེས་པ་དེ་རྙེད་པ་དང་འབྲེལ་བོར་དངོས་ཚང་མ་ལག་སོན་བྱུང་།
          ཡུལ་དངོས་ནས་ཞིབ་བཤེར་བྱས་པ་བརྒྱུད་ཐུམ་སྒྲིལ་གྱི་ནང་དུ་ཁྱོན་བསྡོམས་བོད་ལུགས་རྒྱན་ཆ4དང་བོད་ལུགས་ཀྱི་དངུལ་གྱི་སྐེད་རགས1ཡོད་ཅིང་། མིག་སྔར་བོར་དངོས་ཆ་ཚང་ཕྱིར་བདག་པོར་འཕྲོད་ཡོད།
          དེའི་རྗེས་སུ་འཆི་མེད་ཆེ་ག་གེ་མོས་གོས་དར་ཞིག་མངགས་གཏོང་ཁང་དུ་བསྐྱལ་ནས“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། དངོས་གནས་ཚང་མར་ཐུགས་རྗེ་ཞུས་པ་ཡིན། སླད་ཕྱིན་ངས་ཀྱང་རང་ནུས་གང་ལྕོགས་ཀྱིས་གཞན་ལ་རོགས་རམ་བྱས་ཏེ་དྲང་ནུས་དེ་བརྒྱུད་སྤྲོད་བྱ་རྒྱུ་ཡིན”ཞེས་བཤད།