ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དྲན་རྟེན་དངོས་པོ་སྤྲད་པ།

སྤེལ་དུས 2021-08-20 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱ་ཆེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་མཁན་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་དྲན་རྟེན་དངོས་པོ་མང་པོ་སྤྲད་པ་རེད།
         དྲན་རྟེན་དངོས་པོ་དེ་དག་བོད་ལྗོངས་ཀྱི་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་བསམ་བློ་བཏང་བ་དང་མི་རིགས་ཀྱི་གོམས་སྲོལ་དང་མཐུན་པར་བྱས་ནས་གོ་ཆོད་ལ་སྤུས་ཚད་ཀྱང་འགན་ལེན་བྱས་ཡོད། དྲན་རྟེན་དངོས་པོ་ཁྱོན་སྣ་ཁ་10ཡོད་པའི་ནང་རྟེན་འབྲེལ་སྒོ་བན་དང་། རྟེན་འབྲེལ་གོས་དར། གཙོ་འཛིན་གྱི་སྐུ་པར། གུ་གུ་ཤའི་ཡོ་བྱད། གོས་འཁྲུད་འཕྲུལ་ཆས། གློག་གི་བག་སླང་། བདེ་ཐང་སྨན་ཁུག ཁྲག་ཤེད་འཇལ་ཆས། ཉལ་ཆས་ཆ་ཚང་། སྒྲ་སྐྱེད་སྒམ། དཔེ་དེབ་བཅས་ཡོད།
         དྲན་རྟེན་དངོས་པོ་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཚོ་གྲོང་ལྷན། དགོན་སྡེ། ནང་བསྟན་མཐུན་ཚོགས། ནང་བསྟན་སློབ་གླིང་བཅས་ལ་ཕྱོགས་ནས་ཞིང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། ལས་ཐོག་ལས་བྱེད་ལས་བཟོ། བོད་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཆོས་ལུགས་ལས་རིགས་མི་སྣ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་སོགས་ལ་སྤྲོད་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།