ཉེ་བའི་ལོ་ཤས་ཀྱི་རིང་ལ། མངའ་རིས་ས་ཁུལ་ཤིན་ཧྭ་དཔེ་ཚོང་ཁང་གིས་ས་ཨུད་དྲིལ་བསྒྲགས་པུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གསར་གཏོད་ཧུར་ཐག་བྱས་ཏེ་དཔེ་ཚོང་ཁང་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དྲ་ཐོག་དྲ་ཕྱི་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། ཤེས་དཔལ་ལྡན་པའི་མངའ་རིས་སྐྲུན་ཆེད་དཔེ་དེབ་ཀྱི་དྲི་བསུང་འཐུལ་བར་བྱས་པ་རེད།
མངའ་རིས་ས་ཁུལ་ཤིན་ཧྭ་དཔེ་ཚོང་ཁང་གིས་སྔ་རྗེས་སུ“དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་གྲོང་ཚོ(གྲོང་རྡལ)དང་། དམག་སྒར། “གཅིག་སྡུད་གཉིས”བཅས་ཀྱི་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་དེ་གཞི་རིམ་མང་ཚོགས་དང་། དཔུང་སྡེའི་དཔོན་དམག མི་ཧྲེང་རྒན་རྒོན། དྭ་ཕྲུག་བཅས་ལ་དཔེ་དེབ་སྣ་ཚོགས་ཞལ་འདེབས་བརྒྱབ་ནས་ལས་ཞོར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། འདི་ནི་ཕྲུ་གུ་རྣམས་ཀྱིས་དཔེ་དེབ་ཀློག་བཞིན་པ།
རྩོམ་སྒྲིག་པ། རིག་གྲོལ།