ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ཚེ་སྲོག་ཡོད་ཚད་ལ་གཅེས་སྐྱོང་གནང་རོགས།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
དེ་རིང་ནི་འཛམ་གླིང་གླང་ཆེན་ཉིན་མོ་སྟེ།
གླང་ཆེན་ཚོར་དབང་བའི་ཉིན་མོ་ཞིག་རེད།
 
འོན་ཀྱང་།
 གཅེས་ཕྲུག་ལ་སོ་སྐྱེ་བ་ནི།
སྤྱིར་བཤད་ན་དེ་ནི་སྤྲོ་སྐྱིད་ལྡན་པའི་དོན་ཞིག་ཡིན་མོད།
 
འོན་ཀྱང་།
གླང་ཆེན་ལ་མཚོན་ན།
མཆེ་བ་སྐྱེ་བ་དེས།
གནོད་འཚེ་དང་འཆི་བ་མཚོན་ཡོད། 
ཁེ་སྤོགས་ལེན་པའི་ཆེད་དུ།
ལྐོག་རྔོན་བྱེད་མཁན་ཚོས་སྙིང་རྗེ་དང་འཛེམ་བག་ཅི་ཡང་མེད་པར་གཅེས་སུ་འོས་པའི་གླང་ཆེན་དག
དམར་གསོད་གཏོང་བཞིན་ཡོད།
 
གདོང་ཕྱེད་བཙན་གྱིས་རྨས་ཤིང་།
མཆེ་བ་བཙན་གྱིས་བཅད།
དེའི་རྗེས་སུ།
སྙིང་རྗེ་བའི་གླང་ཆེན་དག་གིས།
སྡུག་བསྔལ་དང་ན་ཟུག་བཟོད་གླགས་མེད་པ་མྱོང་བཞིན།
འཇིག་རྟེན་འདིར་གྱེས་བྲལ་བྱེད།
སྙིང་རྗེ་མེད་པའི་རྔོན་པ་ཞེ་ནག་ཅན་ཚོའི་གདུག་རྩུབ་ཀྱི་དབང་གིས།
གླང་ཆེན་ཆུང་ཆུང་མང་པོ་ཞིག་དྭ་ཕྲུག་ཏུ་གྱུར་ཞིང་།
ཐ་ན་གཅེས་ཕྲུག་རྣམས་ཀྱིས་མིག་མདུན་ནས།
ཨ་མ་དམར་གསོད་གཏོང་།
 2018ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་།
ཀྲུང་གོས་ཁྱོན་ཡོངས་ནས།
ཚོང་ལས་རང་བཞིན་གྱི་བ་སོར་ལས་སྣོན་དང་ཕྱིར་འཚོང་བྱེད་སྒོ་མཚམས་བཞག་པ་དང་།
ཁྱོན་ཡོངས་ནས་བ་སོའི་ཉོ་ཚོང་གཏན་འགོག་བྱ་རྒྱུ་གཏན་འབེབས་བྱས།
འབྲེལ་ཡོད་བྱེད་ཐབས་འདི་རྣམས་ཀྱིས།
འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས།
གླང་ཆེན་རྔོན་པར་རྡུང་རྡེག་གཏོང་ཕྱིར་ཕན་ཐོགས་ཆེན་པོ་ཐོགས་ཡོད་ལ།
བཅའ་ཁྲིམས་ཀྱིས།
ཁྲིམས་འགལ་གྱི་ལྐོག་ཏུ་རྔོན་མཁན་ཚོ་ཁྲིམས་ལ་སྦྱར་ཡོད།
 
ཁ་སང་ནི།
འཛམ་གླིང་གླང་ཆེན་ཉིན་མོ་ཡིན།
དེ་ཚོ་གནས་འདིར་འཚོ་སྡོད་བྱས་ན་འགྲིག 
 
 སྐད་ཆ་ཞིག
ང་ཚོས་ཐེངས་ཁྲི་སྟོང་མང་པོར་བཤད་ནའང་།
དེ་རིང་ད་དུང་སྔར་བཞིན་ཁྱོད་ཚོར་བཤད་འདོད།
དེ་ནི་ཉོ་འཚོང་མེད་ན་དམར་གསོད་གཏོང་མཁན་མེད་ཅེས་པ་དེའོ། ། 
རང་ཉིད་ནས་འགོ་བརྩམས་ཏེ་བ་སོའི་ཐོན་རྫས་འགོག་པ་དང་།
སྲོག་ཆགས་ཀྱི་འཁྲབ་སྟོན་ལ་མི་བལྟ་བ།
རང་ཉིད་ནས་འགོ་བརྩམས་ཏེ།
ཚེ་སྲོག་རེ་རེ་ལ།
 
རང་གི་ཐོབ་ཐང་དང་ལ་རྒྱ་ཡོད་པར་བྱེད་དགོས། 
 
དེ་རིང་ཁོ་ན་ཙམ་མ་ཡིན་པར།
ང་ཚོས་གཅེས་པར་འོས་པའི་གླང་ཆེན་ཆུང་ཆུང་ཚོ།
རྟག་ཏུ་སེམས་ལ་དྲན་པར་སྨོན། 
རྩོམ་སྒྲིག་པ། རིག་གྲོལ།