ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཚེ་སྟོབས་རྒྱལ།

སྤེལ་དུས 2021-08-18 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

འདི་ནི་རྒད་པོ་ཚེ་སྟོབས་རྒྱལ་གྱི་པར་ཡིན་པ།
           འདི་ལོ་ལོ་84ལ་སླེབས་པའི་ཚེ་སྟོབས་རྒྱལ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཚོགས་ཆུང་བཅུ་པའི་གྲོང་མི་རེད།
           བོད་རྙིང་པར་ཚེ་སྟོབས་རྒྱལ་གྱིས“མངའ་བདག་ཆེན་པོ་གསུམ”གྱི་གཉའ་གནོན་འོག་འབྲུ་ཁྲལ་དང་མི་ཁྲལ་སོགས་ཁྲལ་རིགས་ཧ་ཅང་ལྕི་པོ་འཇལ་དགོས་པ་མ་ཟད། ད་དུང་ཞིང་བརྔ་བ་དང་། འཐག་ལས་བྱེད་པ། མེ་ཤིང་འཐུ་བ། ཕྱུགས་འཚོ་བ་སོགས་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད་པས། ཁྲལ་རིགས་སྣ་ཚོགས་དང་ཁྲལ་འུ་ལག་གིས་ཁྱིམ་ཚང་སྐྱོ་པོ་དེ་མུ་གེའི་སྒང་ལ་ཟླ་ལྷག་ཞེས་པའི་དཔེ་རུ་གྱུར་ཡོད།
           བོད་རྙིང་པའི་དཀའ་སྡུག་ཆེ་བའི་འཚོ་བའི་སྐོར་གླེང་སྐབས་རྒད་པོ་ཁོང་རང་དབང་མེད་པར་མིག་ཆུ་ཤོར། ཁོང་གིས་བོད་རྙིང་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། མཐོ་རིམ་དཔོན་རིགས་དང་སྐུ་དྲག་དེ་ཚོས་ལུས་ལ་གོས་ཆེན་གྱིས་བརྒྱན་པ་དང་། མགོ་ལ་དཔོན་ཞྭ་གྱོན་པ། རྣ་ལ་གཡུ་བྱུར་གྱིས་བརྒྱན་པའི་སོག་བྱིལ་བཏགས་ཏེ་ཤ་ཤེད་རྒྱས་པའི་རྟ་བཞོན་ནས་གཡོག་པོ་མང་པོ་ཁྲིད་དེ་འགྲོ་ཡི་ཡོད། ཆིབས་བཀྱག་མེད་སར་གཡོག་པོ་ཚོ་པུས་མོ་འཛུགས་སུ་བཅུག་ནས་ཆིབས་བཀྱག་བྱེད་ཀྱི་ཡོད་ཅེས་བརྗོད།

འདི་ནི་རྒད་པོ་ཚེ་སྟོབས་རྒྱལ་དང་ཚ་མོའི་པར་ཡིན་པ།
           སྐུ་དྲག་དང་དཔོན་རིགས་ཚོའི་ངོས་ནས་བརྗོད་ན། དེ་ནི་ཁོང་ཚོའི“ལྷ་ཡུལ”རེད། འོན་ཀྱང་དབུལ་པོ་རྣམས་ཀྱི་ངོས་ནས་བརྗོད་ན། དེ་ནི་མི་ཡུལ་གྱི་དམྱལ་བ་རང་རེད། དེ་དུས་རས་ཆ་ཉུང་བས་ཞིང་བྲན་ཚོས་བལ་འཁེལ་ཏེ་སྣམ་བུ་འཐག་གི་ཡོད་ཀྱང་རྩུབ་ལ་ཚོས་གཅིག་མ་ཡིན་པ་དང་། ལོ་མང་པོར་སྣམ་བུའི་ཕྱུ་པ་གཅིག་ལས་གྱོན་རྒྱུ་མེད་པས་ལྷན་པའི་སྒང་ལ་ལྷན་པ་བརྩེགས་དགོས་འཁེལ་གྱི་ཡོད།
           1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་ཚེ་སྟོབས་རྒྱལ་ལ་ཞིང་ཁ་དང་། སྒོ་ཕྱུགས། ཁང་པ་བཅས་བགོ་བཤའ་རག་སྟེ་ལ་རྒྱ་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ཁོང་གིས། རི་བོ་ཧི་མ་ལ་ཡ་མཐོ་ཡང་རྩེ་མོ་ཡོད། ཆུ་མོ་ཡར་ཀླུང་གཙང་པོ་རིང་ཡང་ཆུ་འགོ་ཡོད། ཞིང་བྲན་དཀའ་སྡུག་ག་ཚོད་ཆེ་ཡང་རྫོགས་མཐའ་ཡོད། གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་སོང་ཞེས་བརྗོད། 
རྩོམ་སྒྲིག་པ། བདེ་སྒྲོལ།