ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

བརྙན་པར་ལས་བོད་ལྗོངས་ཀྱི་ལོ་ངོ་70ཡི་རིང་གི་འཕོ་འགྱུར་ཆེན་པོ་མངོན་པ།

སྤེལ་དུས 2021-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

པར་གོང་མ་ནི་དུས་རབས་20པའི་ལོ་རབས་80པའི་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཟིགས་སྒང་ཡིན་པ།  པར་འོག་མ་ནི་2021ལོའི་ཟླ་8ཚེས་9ཉིན་པར་བླངས་པའི་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཟིགས་སྒང་གི་རྣམ་པ་གསར་པ་ཡིན་པ།

གཡོན་གྱི་པར་ནི་དུས་རབས་20པའི་ལོ་རབས་60པའི་ཆབ་མདོ་གྲོང་ཁྱེར་གྱི་ཟུར་ཞིག་ཡིན་པ།  གཡས་ཀྱི་པར་ནི་2021ལོའི་ཟླ་3ཚེས་25ཉིན་པར་བླངས་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡིན་པ།

པར་གོང་མ་ནི་དུས་རབས་20པའི་ལོ་རབས་70པའི་མངའ་རིས་སེང་གེ་ཁ་འབབ་ཀྱི་རྣམ་པ་ཡིན་པ།
པར་འོག་མ་ནི་2021ལོའི་ཟླ་5ཚེས་21ཉིན་པར་བླངས་པའི་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་རྣམ་པ་གསར་པ་ཡིན་པ།

པར་གོང་མ་ནི་དུས་རབས་20པའི་ལོ་རབས་70པའི་བོད་ལྗོངས་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་གྱི་རྣམ་པ་ཡིན་པ།
པར་འོག་མ་ནི་2020ལོའི་ཟླ་11ཚེས་26ཉིན་པར་བླངས་པའི་ལྷོ་ཁའི་རྩེད་ཐང་གྲོང་རྡལ་གྱི་རྣམ་པ་ཡིན་པ།
           ལོ་ངོ་70ཡི་གོང་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ལྗོངས་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།
           ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ལྗོངས་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།
           ང་ཚོས་བརྙན་པར་ཁག་གཅིག་བསྡུར་ནས་ལོ་ངོ་70ཡི་རིང་བོད་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུར་ཕྱིར་ལྟ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།
རྩོམ་སྒྲིག་པ། རིག་གྲོལ།