དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་ཡོང་བ་བྱས་པ།

བོད་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གླེང་ལས་དམངས་འཚོ་འགན་ལེན་གྱི་ལེའུ།

སྤེལ་དུས 2021-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གསེར་ལོ་བསྙེན་བཀུར་ཁང་དུ་ཚེ་མཇུག་བདེ་བར་རོལ་བའི་རྒན་རྒོན་ཡིན་པ།
           ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དམངས་འཚོའི་ཉི་འོད”གངས་ལྗོངས་ས་མཐོར་འཕྲོས་ནས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཞི་མཐུན་གྱི་མཚར་སྡུག་རྣམ་པར་བཀྲ་བའི་རི་མོ་ཞིག་གངས་ལྗོངས་ས་མཐོར་འབྲི་བཞིན་ཡོད།
           དངུལ་སྐར་ལི་ཙམ་ཡང་མེད་པ་ནས“ཡོང་འབབ་སྒོར་ཁྲི”བྱུང་བའི་བར།
           ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ཀྱི་ཞིང་འབྲོག་པར་ཐོན་སྐྱེད་རྒྱུ་ཆ་མེད་པ་དང་སྤྱིར་ན་ཚེ་གང་བུ་ལོན་ཟུག་ནས་ཡོང་འབབ་ཁེ་གཙང་ཞེས་པ་རྩ་བ་ནས་གླེང་ཐབས་བྲལ། 2020ལོར་བོད་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་ཏེ། ལོ་གོང་མ་ལས་11.5%འཕར་ཡོད། དེའི་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་ཏེ་10.0%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ཏེ་12.7%འཕར་ཡོད།
           ཡོང་འབབ་རྒྱུན་ཆད་མེད་པ་འཕར་བ་དང་སྦྲགས། གྲོང་མིའི་འཛད་སྤྱོད་བྱེད་སྟངས་ཀྱང་རྣམ་པ་སྣ་ཚོགས་སུ་གྱུར་ཏེ་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།
           གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ལྔའི་རིང་། བོད་ལྗོངས་ཀྱི་ཞིང་འབྲོག་པ་མང་ཚོགས་མི་རེས་ཆ་སྙོམས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་126ཆག་པ་དང་། སྔོ་ཚལ་སྤྱོད་ཚད་སྤྱི་རྒྱ་23མང་དུ་སོང་བ། གྱོན་ཆས་ལ་འགྲོ་སོང་གཏོང་ཚད་སྒོར་584མང་དུ་སོང་བ། འགྲིམ་འགྲུལ་དང་འཕྲིན་གཏོང་གི་འགྲོ་སོང་ལྡབ་གཅིག་ཙམ་འཕར་བ། སྨན་བཅོས་འཕྲོད་སྦྱོར་གྱི་གཏོང་སྒོ་160.9%འཕར་བ། མི་རེའི་རིག་གནས་རོལ་རྩེད་ཞབས་ཞུའི་གཏོང་སྒོ་167.6%འཕར་ཡོད།
           ཐོག་མའི་ལྷ་ས་བརྒྱ་ཟོག་ཚོང་ཁང་གིས་ལྟེ་བར་བྱས་པའི་གྲོང་ཁུལ་དང་པེ་ཅིང་དཀྱིལ་ལམ་གྱི་ཚོང་ལས་ཁུལ་གཅིག་པུ་ནས་ད་ཆའི་ཧྲིན་ལི་དུས་རབས་ཐང་ཆེན་དང་། ཝན་ཏ་ཐང་ཆེན། བོད་སྐོར་དཀྱིལ་འཁོར་སོགས་ཚོང་ལས་ཁུལ་མང་པོའི་བར་འཕེལ་རྒྱས་ཕྱིན་ཏེ་ལྷ་སའི་འཛད་སྤྱོད་ཁྲོམ་རར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཡོད།
           སྡོད་སའི་ཁང་པ་མེད་པ་ནས“སྡོད་མལ་ལ་འཚམ་ཞིང་དྲོ་སྐྱིད་ལྡན་པའི”བར།
           དཔྱད་གཞི་ལས་མངོན་པར། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་90%ཡན་གྱི་མི་ལ་རང་ཉིད་ལ་དབང་བའི་སྡོད་ཁང་མེད་པ་དང་། རྒྱ་ཆེའི་ཞིང་བྲན་སྡོད་སའི་ཆ་རྐྱེན་ཧ་ཅང་ཞན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་3ཡང་ཟིན་གྱི་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་མི་སེར་ལ་སྡོད་སའི་ཁང་པ་ཡོད་ཕྱིར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
           འདི་ལོ་ལོ་76ལ་སླེབས་པའི་ཀུན་བཟང་ལྷ་ས་གྲོང་ཁྱེར་རབ་གསལ་སྡེ་ཁུལ་རགས་ཁ་སྨད་སྒོ་རའི་ནང་སྡོད་ཀྱི་ཡོད། ཁོང་དང་ཐོག་གང་ས་ནས་ལྷགས་པ་འཛུལ་བའི་ས་ཕག་གི་ཁང་པའི་ནང་སྡོད་པ་དང་། དེ་ནས་ཐབས་ཆག་གུ་དོག་གི་བོགས་གཏོང་ཁང་པར་སྤོས། ད་ཆ་ནང་མི་རེར་ཁང་མིག་རེ་ཡོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད། རྒན་པོ་ཀུན་བཟང་གིས“འབྱོར་འབྲིང་འཚོ་བའི་རྣམ་པ་ངེད་ཚང་གི་ཟམ་མི་ཆད་པར་འགྱུར་ལྡོག་བྱུང་བའི་སྡོད་མལ་ཁོར་ཡུག་ཁྲོད་ནས་སྔར་བས་གསལ་བ་དང་སྔར་བས་མཛེས་སུ་འགྲོ་བཞིན་པ་མཐོང་ཐུབ”ཅེས་བརྗོད།
           བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2019ལོའི་ལོ་མཇུག་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་སྡོད་ཁང་གི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་པ་དང་ཞིང་འབྲོག་པ་མི་རེའི་སྡོད་ཁང་གི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་41.5ཟིན་ཡོད།
           “སློབ་གྲྭ་འགྲིམ་རྒྱུ་མེད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་རྒྱུ་བྱུང་བའི”བར།
           ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད་པས། མི་95%ཡན་ཡིག་རྨོངས་བ་ཡིན་པ་དང་། རྒྱ་ཆེའི་ཞིང་བྲན་གྱི་བུ་ཕྲུག་ལ་སློབ་གསོ་མྱོང་དབང་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་གནས་ཚུལ་དེར་རྦད་དེ་འགྱུར་ལྡོག་བྱུང་ཡོད།
           ད་ཆ་བོད་དུ་དེང་རབས་སློབ་གསོ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་གྱི་འཕེལ་རྒྱས་བྱུང་སྟེ། ལྗོངས་ནང་ཁུལ་གཙོ་བོ་དང་། ལྗོངས་ཕྱི་ཕལ་པ། ལྗོངས་ཕྱི་ནང་ཟུང་འབྲེལ་བཅས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ལ་ཁྱབ་པའི་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་བསྐྲུན་ཡོད།
           “སྨན་པ་དང་སྨན་རྫས་ཁ་ཐང་བ”ནས“བདེ་ཐང་བོད་ལྗོངས”བར།
           ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་དེང་རབས་ཀྱི་སྨན་བཅོས་སྒྲིག་གཞི་གཅིག་ཀྱང་མེད་ལ། སྨན་དོན་མི་སྣ་བརྒྱ་ཡང་ཟིན་གྱི་མེད་པ་དང་དེའི་ཐོག་ཞིང་འབྲོག་ཁུལ་གྱི་དམངས་ཁྲོད་ཀྱི་བོད་སྨན་ཨེམ་ཆི་300ཙམ་བསྣན་ཀྱང་ལྗོངས་ཡོངས་སུ་ཆ་སྙོམས་མི་ཆིག་སྟོང་རེར་སྨན་དོན་མི་སྣ་0.4ལས་ཟིན་གྱི་མེད།
           ད་ཆ་བདེ་ཐང་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་འགོ་ཚུགས་ཡོད།
           ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་དུ་སྡོད་པའི་རྒད་མོ་སྒྲོལ་མར་གྲུམ་བུའི་ནད་ཕོག་པ་དང་ན་སྐབས་གོམ་པའང་སྤོ་ཁག་པོ་ཆགས་ཀྱི་ཡོད། “སྔོན་མ་གཟུགས་པོ་བདེ་པོ་མེད་པའི་སྐབས་ངེས་པར་དུ་སྨན་ཁང་དུ་ཨེམ་ཆི་འཚོལ་བར་འགྲོ་དགོས། ད་ཆ་ཁ་པར་ཞིག་བརྒྱབ་ན་ཁྱིམ་ཚང་སྨན་པས་སྒོ་རྩར་ང་ལ་སྨན་བཅོས་བྱེད་རོགས་བྱེད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།
           གྲངས་གཞི་ལས་མངོན་པར། བོད་ལྗོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་11བར་མང་དུ་ཕྱིན་ཏེ། ནད་གཞི་ཅུང་ཆེ་རིགས་400ལྷག་ཙམ་ལྗོངས་ནང་ཁུལ་ནས་བཅོས་ཐུབ་པ་དང་། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་སོགས་བོད་ཀྱི་ཡུལ་ནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བཅོས་ཐུབ་ཡོད།
           “སྨྲ་ཤེས་པའི་ལག་ཆ”ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱུང་བའི་བར།
           “མུན་ནག་གི་སྤྱི་ཚོགས་རྙིང་པར་ཞིང་བྲན་བདག་པོར་ལས་ཀ་བྱེད་རོགས་དང་ཕྱུགས་རྫིར་བསྐྱོད་ཀྱང་ལོ་འཁོར་མོར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་ཀྱི་མེད། ད་དུང་བོགས་ཁྲལ་དང་། མི་ཁྲལ། ག་ཁྲལ་སོགས་སྐྱེལ་དགོས་པ་དང་། འགྲིག་མ་འགྲིག་ཙམ་ལ་རྟ་ལྕག་གཟེད་དགོས་ཀྱི་ཡོད”ཅེས་ལོ་80ལྷག་ཙམ་ལ་སོན་པའི་པ་སངས་ཆོག་པས་དྲན་གསོ་བྱེད་བཞིན་དུ་བརྗོད།
           བོད་རྙིང་པར་ཞིང་བྲན་ཚོས་དཀའ་ལས་བརྒྱབ་སྟེ་ངལ་རྩོལ་བྱས་ཀྱང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པའི་ཡ་ང་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་མི་རྣམས་དེ་སྔའི“སྨྲ་ཤེས་པའི་ལག་ཆ”ནས་ཁྱིམ་དང་། ལས་ཀ ལ་རྒྱ་བཅས་ཡོད་པའི་རང་དབང་ལྡན་པའི་སྤྱི་དམངས་དང་། རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་གྱི་བདག་པོར་གྱུར་ནས་བདེ་སྐྱིད་ལྡན་པའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་འགོ་ཚུཌ་ཡོད།
           ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་ པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་དང་སྲིད་ཇུས་ཀྱི་འགན་ལེན་དང་ལས་ཞུགས་ཀྱི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་སུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་དང་། གཞི་རིམ་དུ་ལས་ཞུགས་བྱེད་པར་སྐུལ་ལྕག རང་བརྟེན་ལས་གཏོད་བྱེད་པར་རོགས་སྐྱོར། ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་ལྕག་གཏོང་བ་སོགས་ཀྱི་སྒོ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་རྨང་གཞི་བཏིང་ཡོད། 2020ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྤྱི་ཡོངས་ལས་ཞུགས་ཐུབ་ཚད་99%ཟིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།