དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

གོམ་ཞེང་ཆེན་པོས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད།

​བོད་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གཏམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ།

སྤེལ་དུས 2021-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཡིན་པ།
          ལེ་ཚན་གཏོད་པའི་གཏམ།
          1951ལོའི་ཟླ་5ཚེས་23ཉིན“གྲོས་མཐུན་དོན་ཚན་བཅུ་བདུན”པེ་ཅིང་དུ་བཞག་པ་དེ་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་གངས་ལྗོངས་ས་མཐོ་དུས་དེ་ནས་བཟུང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་པ་མཚོན་ཡོད།
          ལོ་ངོ་70ཡི་རིང་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་གྱི་པང་དུ་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་བཀོད་ཇུས་བཀོད་སྒྲིག་གནང་བ་དང་། ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་། “ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་པ་པོས་དོ་ཁུར་ཡོད་པ་ཞུ།
          བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཡུལ་སྐོར་ལས་རིགས་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར། ད་ཆ་སྤྱི་ཚོགས་ཀྱི་ལས་ཞུགས་དང་མང་ཚོགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་དང་། ཕྱི་ཕྱོགས་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན། མ་འཇོག་འགུགས་པའི་ཁྱབ་ཁོངས་གལ་ཆེན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མངོན་པའི་སྐར་ཁུང་གལ་ཆེན་བཅས་སུ་གྱུར་ཡོད་ལ། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འཕར་སྣེ་གཙོ་བོར་ཡང་གྱུར་ཡོད།
          བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་བྱུང་བ་ནི་བོད་གསར་པའི་ལོ་ངོ་70ཡི་ཟིལ་རླབས་དགུང་འཕྱུར་གྱི་རླབས་ཆེན་ལོ་རྒྱུས་ལམ་བུའི་བསྡུས་རིས་ཤིག་རེད།
          ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཀྱི་པང་དུ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དཀའ་ངལ་ཁྱད་བསད་དང་གསར་འབྱེད་ཡར་བརྩོན་བྱས་ནས་མི་ཡུལ་གྱི་ངོ་མཚར་མང་པོ་བཏོད་པ་དང་མི་སེམས་འགུལ་བའི་ལེའུ་མང་པོ་བརྩམས་ཡོད།
          ས་མཐོར་ཐུགས་ཁུར་ཟབ་བཞེས་གནང་བ།
          “བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་བོད་རྒྱུན་མཐུད་བརྟན་ལྷིང་དང་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད”
          1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད།
          ལོ་ངོ་70ཡི་རིང་བོད་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་བོད་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རོགས་བྱེད་པ་ཨང་དང་པོར་བཞག་ནས། སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ཏེ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
          1961ལོའི་ཟླ་4ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གིས《བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་མཛུབ་སྟོན》བཀྲམ་ནས། དམངས་གཙོའི་བཅོས་སྒྱུར་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་རྗེས། བོད་ཀྱི་ལས་དོན་ཐད་ངེས་པར་དུ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་ལག་ལེན་བསྟར་དགོས་པ་བསྟན་ཡོད།
          1965ལོའི་ཟླ་8པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོགས་པ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུ་བར་མངགས་ཡོད། དེ་རྗེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་སོགས་ཀྱི་གལ་ཆེའི་དྲན་གསོའི་ཉིན་མོ་འཆར་རིམ་བཞིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་གཏན་འཁེལ་བྱེད་ཀྱི་ཡོད།
          ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་དང་བོད་ཀྱི་མི་དམངས་ལ་དེ་བས་ཐུགས་ཁུར་གནང་ཡོད། 1980ལོ་དང་། 1984ལོ། 1994ལོ། 2001ལོ། 2010ལོ། 2015ལོ། 2020ལོ་བཅས་ལ་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ནས། བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་ཁ་གསལ་བཟོས་པ་དང་འབྲེལ། བོད་ལ་དམིགས་བསལ་སྲིད་ཇུས་དང་བབ་བསྟུན་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
          གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། 2020ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ཡན་ཟིན་ནས་དུས་མཚུངས་ལས་7.8%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་10%དང་12.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          ལོ་ངོ་70ཡི་རིང་གི་བོད་ཀྱི་འཕེལ་རྒྱས་ཚང་མ་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་པ་དང་། ཏང་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཡང་དག་རང་བཞིན་དང་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།
          ཐོན་ལས་འཕེལ་རྒྱས་ལ་གོམ་སྟབས་ཆེན་པོ་སྤོས།
          “རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ་དང་ལམ་ལུགས་དང་ལམ་སྲོལ་འགན་ལེན་དུ་བྱས་ཏེ་སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ”
          2013ལོར་བོད་ཀྱི་ལོ་རྒྱུས་སྙན་ངག་མཚོན་པའི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་འགོ་ཚུགས་པ་ནས་ད་བར་རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1300ལྷག་ཙམ་བྱས་པ་དང་། འཁྲབ་སྟོན་དང་ཡུལ་སྐོར་ལྷན་སྦྱར་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་བྱུང་ཡོད།
          དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ངོ་མ་ཞིག་རེད།
          ལོ་ངོ་70ཡི་རིང་ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་མཐའ་འཁྱོངས་དང་དམངས་འཚོ་འགན་ལེན་རྩ་བར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།
          ལོ་ངོ་70ཡི་རིང་ང་ཚོས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་བཀོད་ཇུས་ལེགས་སུ་བཏང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རྒྱུན་མཐུད་གསབ་སྣོན་དང་སྟོབས་ཆེར་བཏང་བས་ཐོན་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད།
          ལོ་ངོ་70ཡི་རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།
          ས་མཐོའི་སྐྱེ་དངོས་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ཞིང་། ནས་ཐོན་འཕར་དང་འབྲི་གཡག་བཤའ་བའི་བྱ་སྤྱོད་སྤེལ་ཏེ། ནས་ཀྱི་ཐོན་ཚད་དང་འབྲི་གཡག་བཤའ་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་སོ་སོར་12.2%དང་25.2%འཕར་ནས་ལོ་ལྔ་བསྟུད་མར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་ཟིན་པ་གཏན་འཇགས་ཐུབ་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162ཡོད་པ་དང་ཞིང་ལས་སྐྱེ་དངོས་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་65%ཟིན་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་57ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ཡོད།
          རིག་གནས་ཡུལ་སྐོར་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཞིང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་ཐབས་གསར་གཏོད་བྱས་ནས་ཡུལ་སྐོར་བ་དང་ཡོང་འབབ་ལོ་གཉིས་སྔ་སྣུར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལེགས་གྲུབ་བྱུང་བ་དེ་སོ་སོར“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་2.3དང་ལྡབ་2.4ཟིན་ཡོད། ཞིང་འབྲོག་པ་ཁྲི་8.6གྲོང་གསེབ་ཀྱི་ཡུལ་སྐོར་ལ་ལས་ཞུགས་བྱས་པར། ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4300བྱུང་ཡོད། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང་ཁུལ)234ཡོད་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ཡན་ཟིན་ནས་ལོ་རེར་ཆ་སྙོམས་15%འཕར་ཡོད།
          ནུས་རྒྱུ་གཙང་མའི་ཐོན་ལས་སྔར་བས་སྟོབས་ཆེར་སོང་ཞིང་། དབུལ་སྐྱོར་འོད་ཤུགས་རྣམ་གྲངས་24དྲ་སྦྲེལ་ཐུབ་ཡོད། རིམ་རྩིས་བྱས་ན་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་63ཕྱིར་གཏོང་བྱས་པ་ལས། བོད་ཀྱི་གློག་ཤུགས་གློག་དཀོན་པ་ནས་གློག་ལྷག་མ་ཕྱིར་གཏོང་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
          འབྱུང་འཕྲོད་བཟོ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་152ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་46.2%འཕར་ཡོད། རང་བྱུང་འཐུང་ཆུ་ཕྱིར་ཚོང་བྱེད་ཚད་ལོ་རེར་ཆ་སྙོམས་10%ཡན་འཕར་བ་དང་ཀྲུང་ལུགས་གྲུབ་སྨན་ཐོན་སྐྱེད་བྱེད་ཚད་ལོ་རེར་ཏུན་3586ཟིན་ཡོད། ཨར་འདམ་གྱི་ལོའི་ཐོན་ཚད་ཏུན་ཁྲི་468ནས་ཏུན་ཁྲི་1085བར་འཕར་བ་དང་རྨང་གཞིའི་འཛུགས་སྐྲུན་རྒྱུ་ཆ་གཞི་རྩའི་ཆ་ནས་ལྗོངས་ནང་ཁུལ་གཙོ་བོར་བྱེད་པ་དང་ལྗོངས་ཕྱི་ནང་ཕན་ཚུན་འཁོར་རྒྱུག་ཐུབ་ཡོད།
          དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སོང་ཞིང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གློག་རྡུལ་ཚོང་དོན་ཞབས་འདེགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བར། དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་200ཡན་ཟིན་ནས་ལྡབ་20འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་9.3%འཕར་ཡོད། ཁྲོམ་ཞུགས་ཀུང་སི་20ཟིན་ནས་81.8%འཕར་བ་དང་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་103ཟིན་ནས་དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མས་GDPནས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས1མཐོ་རུ་ཕྱིན་ཡོད།
          གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ།
          “ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་ལམ་དང་བདེ་སྐྱིད་ལམ་དེ་བས་མང་བ་བསྐྲུན་པ”
          2020ལོར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་སྦྲེལ་མཐུད་ཡོངས་སུ་ཐུབ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་གློག་ཤུགས་ཀྱི་ཁེར་རྐྱང་གློག་དྲ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལས་འགོ་ཚུགས་ནས་ལྷ་ཉིང་ལྕགས་ལམ་ཡོངས་སུ་བཏིང་ཟིན་ཡོད། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་ཡོད།
          སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ནང་། ཏང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད། བོད་འཕེལ་རྒྱས་གཏོང་འགོ་ཚུགས་པའི་དུས་ཚོད་ས་ཁུལ་གཞན་ལས་ཕྱི་བ་དང་རྨང་གཞི་ཞན་པ་ཡོད་མེད། འོན་ཀྱང་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གི་དར་རྒྱས་གོང་འཕེལ་ནི་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་བཅངས་པའི་ཐུགས་རེ་ཟབ་མོ་རེད།
          ལོ་ངོ་70ཡི་རིང་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་མཚམས་རེ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་མ་ཟད། ད་དུང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་ཡང་བྱས་ཡོད་པ་ལས། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་མཚོན་ཐུབ།
          ལོ་ངོ་70ཡི་རིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་གྲྭར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། སྔ་རྗེས་སུ་མཚོ་བོད་དང་ཁྲོན་བོད་གཞུང་ལམ་ཉམས་བཟོ་བདག་སྐྱོང་དང་། ལྗོངས་ནང་ཁུལ་གྱི་རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་སོགས་འཛུགས་སྐྲུན་ལས་གྲྭ་གལ་ཆེན་བཅས་ལ་རྒྱབ་སྐྱོར་བྱས་ཡོད། ད་ཆ་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་11.7ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་50%འཕར་བ་དང་རིམ་པ་མཐོ་བའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་688ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་18རེད།
          མིག་སྔའི་བར་བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་སོང་ཡོད། ལྷ་ས་ནས་ཉིང་ཁྲི་བར་དང་། གོང་དཀར་གནམ་ཐང་ནས་རྩེད་ཐང་བར། གཞིས་རྩེའི་གནམ་ཐང་བཅས་ཀྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ནག་ཆུ་ནས་ལྷ་ས་བར་དང་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་954ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་སྤྱི་ལེ་253མང་དུ་སོང་ཡོད།
          དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་དུས་དཀྱིལ་དུ་བོད་ཀྱི་མཁའ་འགྲུལ་བྱ་གཞག་གཞི་ནས་གཏོད་འགོ་བརྩམས་པ་དང་། 1956ལོ་ནས་1965ལོ་བར་ལྷ་ས་ནས་ཁྲེང་ཏུའུ་བར་དང་ལྷ་ས་ནས་པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས་ཡོད། མིག་སྔའི་བར་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་བསྡོམས་140ཟིན་ནས་གྲོང་ཁྱེར་66ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད།
          ནུས་རྒྱུ་འགན་ལེན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། ལྗོངས་ནང་ཁུལ་གྱི་གློག་དྲ་གཞི་གཅིག་ཏུ་སྦྲེལ་བ་དང་གློག་དྲ་གཙོ་བོ་རྫོང(ཆུས)74ལ་ཁྱབ་ནས་གློག་སྤྱོད་མཁན“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་མི་ཁྲི་111.5མང་དུ་སོང་ཡོད། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་སྟེ་མི་ཁྲི་67.2ཀྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་ཡོད།
          ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་ཚད་མེད་འཁོར། ལོ་ངོ་70ཡི་རིང་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། འོད་སྟོང་འཕྲོ་བའི་གྲུབ་འབྲས་མི་སེམས་འགུལ་དགོས་པ་ཞིག་ཡོད་ལ། བློ་འབྱེད་ཟབ་མོ་དེ་བས་རྩ་ཆེན་པོ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།