དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ།

—— བོད་ལྗོངས་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གླེང་ལས་བརྟན་ལྷིང་གི་ལེའུ།

སྤེལ་དུས 2021-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་ངོ་70ཡི་གོང《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བཞག་པ་ནས་བཟུང་བོད་ལྗོངས་གསར་རྐྱང་ཞིག་ས་མཐོར་འགྱིང་ངེར་གནས།
          ལོ་ངོ་70ཡི་རིང་འབད་འབུངས་ཡར་བརྩོན་བྱས་པ་དང་། ལོ་ངོ་70ཡི་རིང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་ཡོད་ལ། བརྟན་ལྷིང་གོ་རིམ་ལྡན་པ་ཞིག་ཡོད་པས། ཞི་མཐུན་བརྟན་ལྷིང་དང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།  ད་ཆ་བདེ་སྐྱིད་དུས་བདེ་དང་ཞི་མཐུན་བརྟན་ལྷིང་ནི་བོད་ལྗོངས་ཀྱི་མང་ཚོགས་ཁྲི་360ལྷག་ཙམ་གྱི་མྱོང་ཚོར་ཟབ་ཤོས་དེ་ཡིན་པ་རེད།
          བརྟན་ལྷིང་གི་རྩ་བ་བརྟན་དུ་བཏང་བ།
          ལོ་ངོ་70ཡི་རིང་བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད། བོད་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་120ལྷག་ཙམ་གྱི་ས་གཞིའི་ཐོག་ཞིང་འབྲོག་ཁུལ་གྱི་རྒྱ་ཁྱོན་གྱིས་95%ཡན་བཟུང་བ་དང་ཞིང་འབྲོག་པས་མི་འབོར་གྱི་80%བཟུང་ཡོད་པས། ཞིང་འབྲོག་ཁུལ་དུ་ཞི་མཐུན་བརྟན་ལྷིང་མེད་ན་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་གླེང་ཐབས་བྲལ་བ་ཞིག་རེད།
          ཞིང་འབྲོག་ཁུལ་བརྟན་ལྷིང་བྱུང་ན་བོད་ལྗོངས་ཀྱི་བརྟན་ལྷིང་གི་རྨང་གཞི་བརྟན་པོ་ཡོང་ངེས་རེད།
          “རྨང་གཞིའི་རང་བཞིན་གྱི་ལས་དོན་རྣམས་གཏིང་ཟབ་དང་། ཏན་ཏིག ཞིབ་ཕྲ་བཅས་བསྒྲུབས་ཏེ་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་ངང་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དམ་པོར་རྟེན་དགོས”སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་བཟང་ཚིག་ནན་གྱི་བཀའ་མངགས་ཟབ་མོ་འདི་ད་ཆ་ས་མཐོར་དོན་འཁྱོལ་ཡག་པོ་བྱུང་བ་མ་ཟད་གསོན་ཉམས་དོད་པའི་ལག་ལེན་ལ་གྱུར་ཡོད།
          གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་ནུས་མེད་ཟབ་ཟོབ་ཡིན་པ་དང་ཏང་གིས་གྲོང་གསེབ་ཏུ་སྲིད་འཛིན་པའི་རྨང་གཞི་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་2011ལོའི་ཟླ་10པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པ་བཞི་མཉམ་འགུལ་བྱས་ཏེ་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་ལས་གྲུབ་པའི་ལས་དོན་རུ་ཁག་འདེམས་མངགས་བྱས་ནས། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5464རུ་བཅའ་སྡོད་བྱས་ཏེ་མང་ཚོགས་དང་མཉམ་ཟ་དང་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་པ་དང་། ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་བསམ་འཆར་ཉན་པ་མ་ཟད། ཕྱུག་པོ་ཆགས་ཐབས་དང་འཕེལ་རྒྱས་གཏོང་སྟངས་བསླབས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ནས་ལས་བྱེད་པ་གྲོང་སྡོད་བྱ་རྒྱུ་ཀུན་ལ་ཁྱབ་པར་བྱས་ཡོད།  འདི་ནི་བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་ཞིག་རེད།
          བགྲང་བྱ་10ཡུད་ཙམ་ཞིག་ལ་འདས་ཟིན་ཡང་གྲོང་སྡོད་རུ་མི་ཁྲི་20ལྷག་ཙམ་གྱིས་གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་གཅིག་སེམས་གཅིག་ལ་སྦྲེལ་ནས་ཤུགས་རྒྱག་སར་ཤུགས་བརྒྱབ་སྟེ་མང་ཚོགས་ཀྱིས་དོ་ཁུར་དང་བསམ་འཆར་ཆེ་བའི་དཀའ་གནད་དངོས་མང་པོ་ཞིག་ཐག་གཅོད་བྱས་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་འཕེལ་ཆེན་པོ་ཡོང་བ། ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་འགྱུར་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ཡོད།
བརྟན་ལྷིང་གི་རྩ་བ་ནི་དམངས་སེམས་ཕྱོགས་མིན་ལ་ཐུག་ཡོད། “རྨང་བརྟན་དམངས་ཕན”ནི་རྩ་བ་བརྟན་དུ་གཏོང་བའི་ནང་གི་རྨང་རྡོ་ལྟ་བུ་ཞིག་རེད།
          ལས་བྱེད་པ་དགོན་སྡོད་རྒྱུན་རྣམ་ཅན་དུ་གྱུར་པ་དང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས། རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་བ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་རང་འགུལ་ངང་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་ཀྱི་ཡོད་པས། དགོན་སྡེ་དེ་བས་ཞི་མཐུན་བརྟན་ལྷིང་བྱུང་ཡོད།
          སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཐབས་ལམ་ནུས་ལྡན་དུ་བརྩིས་པ་དང་། དམངས་ཕན་ཞབས་ཞུ་དང་བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་རྐྱེན་ཐག་གཅོད་ལས་འགན་གཙོ་བོར་བརྩིས་པས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁྱོན་ཡོངས་ལ་ཁྱབ་ཡོད།
          ལས་ཀའི་གཙོ་གནད་གཞི་རིམ་དུ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་དུ་ཕྱོགས་པ་དང་། ཐོན་ཁུངས་གཏོང་སྤྲོད་གཞི་རིམ་ལ་ཕྱོགས་པ། དམངས་འཚོ་ལེགས་གཏོང་འགག་རྩའི་བྱ་ཐབས་སུ་བརྩི་བ་བཅས་བྱས་པས། རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་གཞི་རྩའི་ཆ་ནས་དེང་རབས་སྤྱི་ཚོགས་དོ་དམ་གྱི་སྒྲོམ་གཞི་གསར་པ་ཞིག་ཆགས་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་བཅུ་ལག་ལེན་བསྟར་ཏེ་བོད་ལྗོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ས་མཐོའི་ས་གཞི་ཆེ་མོར་རྩ་བ་བརྟན་པོར་ཚུགས་ཡོད།
          ཁྲིམས་ལྟར་བོད་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ།
          ཁྲིམས་སྐྱོང་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་བའི་ཐབས་ཤེས་ཤིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པ་དང་ཁ་བྲལ་ཐབས་མེད།
          ལོ་ངོ་70ཡི་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། བོད་ལྗོངས་ཀྱི་དམིགས་བསལ་ལྗོངས་བབ་དང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྱོང་མཐའ་འཁྱོངས་བྱས་ཡོད།
          ཁྲིམས་སྐྱོང་གི་ཉི་འོད་ས་མཐོར་འཕྲོས་པ་དང་ཁྲིམས་སྐྱོང་གི་བསམ་བློའི་རྩ་བ་བརྟན་པོ་ཚུགས་ཏེ་ཁྲིམས་སྐྱོང་གི་འཕེལ་རིམ་དང་འབྲེལ་བ་ཡོད་པའི་གྲུབ་འབྲས་མང་པོ་བཏོད་ཡོད། དེ་སྔའི་མི་ལུས་རང་དབང་གཏན་ནས་མེད་པའི་ཞིང་བྲན་ནས་ད་ཆའི་ཁྲིམས་ལྟར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་དབང་ཆ་ཆ་ཚང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བར་བོད་ལྗོངས་མི་དམངས་རྣམས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་མཉམ་འདྲེས་བྱུང་ཡོད།
          གཞི་གྲངས་ལས་མངོན་གསལ། 2019ལོར་ལྗོངས་ཡོངས་ཀྱིས་འགལ་ཟླ་དང་རྩོད་གཞི་ཐེངས་29796གྲལ་བཤེར་བྱས་པ་དང་འགལ་ཟླ་དང་རྩོད་གཞི་4965འདུམ་འགྲིག་བྱས་པས་འདུམ་འགྲིག་བྱེད་ཚད་93.7%ཟིན་པ་དང་། དེ་དང་དུས་མཚུངས་ཉེས་དོན་གྱི་གྱོད་གཞི་ཐོན་ཚད་8.1%ཆག་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་མི་དམངས་འདུམ་འགྲིག་གི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།
          ལོ་ངོ་70ཡི་རིང་གི་ལག་ལེན་དངོས་ལས་ར་སྤྲོད་བྱུང་བར། བོད་ལྟ་བུའི་མཐའ་མཚམས་མི་རིགས་ས་ཁུལ་དུ་སྤྱི་ཚོགས་དྲང་བཞག་དང་། མི་སེམས་བརྟན་པོ། ཡུན་རིང་བདེ་འཁོད་བཅས་ཡོང་བ་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་བརྟེན་ནས་སྤྱི་ཚོགས་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ། བོད་ལྗོངས་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་དང་བོད་འདི་ཉིད་གཞི་རྩའི་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས།
          སྤྱི་ཚོགས་དོ་དམ་གྱི་གནས་བབ་གསར་པ་བཏོད་པ།
          “སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་འཇོན་ཐང་ཆེ་རུ་གཏོང་དགོས”རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བོད་ལྗོངས་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བཞག་ནས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་གི་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ནས་ཡར་རྒྱས་བརྩོན་ལེན་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ལག་ལེན་བསྟར་བ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
          “ལྷ་སའི་བདེ་འཇགས་ཧ་ཅང་ཡག་པོ་འདུག”དེ་ནི་ལྷ་སར་ཡོང་མཁན་ཚང་མའི་ཐུན་མོང་གི་མྱོང་ཚོར་ཞིག་རེད།
          རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ལ་བརྩེ་བ་འཆང་བ། དམངས་ལ་སྟབས་བདེ་སྐྲུན་པ། དམངས་རྣམས་བདེ་ལ་འགོད་པ་བཅས་འཇུག་གཞི་དང་། དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྒྲུབ་རྒྱུ་ཁ་ཕྱོགས་སུ་འཛིན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་ཡོད། 2011ལོར་བཏོན་པའི“དྲ་མིག་ཅན”གྱི་དོ་དམ་བྱེད་སྟངས་ལོ་མང་རིང་ལག་བསྟར་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། ད་ཆ“བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི”སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ཤིག་ཏུ་གྱུར་ནས་སྤྱི་ཚོགས་ཞབས་ཞུ་དོ་དམ་ལ་ཁུག་གསང་སྟོང་གསུམ་ལུས་མེད།
          2011ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་ལྗོངས་ཡོངས་སུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བཙུགས་ནས་ཉིན་མཚན་བལྟོས་མེད་ངང་སྡོད་བྱ་དང་སྐོར་གཡེང་གི་ལས་དོན་བསྒྲུབས་ཡོད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་ཞུ་དོ་དམ་བྱ་ཡུལ་དེ་དྲ་མིག་རེ་རེར་དབྱེ་བ་དང“གཅིག་ལ་གཅིག་སྦྲེལ”གྱི“སྐར་མ་3གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས”ཤིག་ཆགས་པས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད་ལ། ད་དུང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཡང་ཟབ་ཏུ་སོང་ཡོད།
          ད་ཆའི་བོད་ལྗོངས་འདི་ཉིད་བདེ་སྐྱིད་དང་། དུས་བདེ། ཞི་མཐུན། མཐུན་སྒྲིལ་བཅས་ལྡན་ཡོད། ཡུན་རིང་བདེ་འཁོད་དང་ཞི་མཐུན་བརྟན་ལྷིང་གིས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཧ་ཅང་ཟབ་མོ་བྱུང་ཡོད།
རྩོམ་སྒྲིག་པ། རིག་གྲོལ།