ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

བོད་ལྗོངས་ཀྱི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ལག་ལེན་ལས་འཛམ་གླིང་ལ་མིག་དཔེ་བཏོད་པ།

མི་སྣ་མང་པོས《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གླེང་བ།

སྤེལ་དུས 2021-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
         ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད། དེའི་ཐད་རྒྱལ་ཁབ་མང་པོའི་མི་སྣས་རྒྱབ་ཤ་དཀར་པོའི་དེབ་ཀྱིས་ཕྱི་རོལ་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་བ་ཕྱོགས་ཡོངས་དང་། ཇི་མ་ཇི་བཞིན་གྱི་ཐོག་ནས་གསལ་པོར་བསྟན་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་གོང་འཕེལ་སོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་དུས་མཚུངས་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་གོང་འཕེལ་དང་རྒྱུན་འཛིན་བྱུང་བ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་བསྐྱར་གསོ་བྱུང་ནས་བོད་ལྗོངས་ཀྱི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ལག་ལེན་ལས་འཛམ་གླིང་ལ་མིག་དཔེ་བཏོད་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཨ་ཀེན་ཐེན་གྱི་རྒྱ་རིག་པ་མཁས་ཅན《དེང་རབས》དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཀུའུ་སི་ཐཱ་ཝོ·ཝུའུ་ཡིས་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ལྗོངས་ཀྱི་ལོ་ངོ་70རིང་གི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་གསལ་པོར་བསྟན་ཡོད། ད་ཆ། བོད་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་སོང་བ་དང་། བོད་ལྗོངས་ཀྱི་མི་དམངས་ལ་དཔལ་འབྱོར་གོང་འཕེལ་གྱི་ཁེ་ཕན་ལོངས་སྤྱོད་བྱ་རྒྱུ་བྱུང་བ། ཀྲུང་གོ་སྲིད་གཞུང་གིས་གསོ་སྦྱོང་རྣམ་པ་སྣ་ཚོགས་བྱས་པ་བརྒྱུད་བོད་ལྗོངས་ཀྱི་མི་དམངས་ལས་ཞུགས་ཐུབ་པར་འགན་ལེན་བྱེད་པ། བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཆོས་ལུགས། སྐད་ཡིག་སོགས་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོབ་དང་གོང་འཕེལ་བྱུང་ཡོད་ཅེས་བཤད།
         ཐན་ཙན་ནི་ཡའི་ཏ་རེ་སི་ས་ལམ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧན་ཧྥུའུ་ལའེ·མོ་ཤིས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྗོད་ཡོད་པ་དང་ལྷག་པར་དུ་བག་ཆགས་ཟབ་ཤོས་ཤིག་ནི་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་རེད། བོད་ལྗོངས་ཀྱི་འཕེལ་རྒྱས་ཧ་ཅང་ཆེན་པོ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་སྣེ་འཁྲིད་དེ་དབུལ་པོའི་གནས་ལས་སྒྲོལ་རྒྱུའི་ཆོད་སེམས་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་མི་དམངས་ཀྱི་ཡིད་ཆེས་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་དེས་མི་དམངས་ཀྱི་སྣེ་འཁྲིད་དེ་དབུལ་པོ་སེལ་བའི་འཐབ་ས་དང་པོར་འབད་འཐབ་བྱེད་ཀྱི་ཡོད་པས་ཡིན། བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད།
         ཨུ་རུ་སུ་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་སྡེ་ཚན་གྱི་ཀྲུའུ་རེན་ཤེར་ཀའེ·ལུའུ་ཁོ་ཉིང་གིས་ལོ་ཤས་གོང་ང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་སུ་འཚམས་འདྲིར་བསྐྱོད་མྱོང་ཡོད། དེ་གའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་འདུག ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་ད་ལྟའི་འཕེལ་རྒྱས་གྲུབ་འབྲས་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་བྱ་སྤྱོད་དངོས་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་བྱ་དངོས་གཞན་དག་གང་རུང་ལས་ཀྱང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཅེས་བརྗོད།
         ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཏའེ་ཝུའེ·མོང་ཡ་ཨའེ་ཡིས་ང་རང་དེ་སྔ་བོད་དུ་འཚམས་འདྲིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་ཀྱི་སྐད་ཡིག་དང་། སྒྱུ་རྩལ། ལོ་རྒྱུས་ཤུལ་བཞག་བཅས་ལ་སྲུང་སྐྱོང་ཇི་ལྟར་བྱེད་པ་ཤེས་རྟོགས་བྱས་མྱོང་། ཀྲུང་གོས་དུས་བསྟུན་མདུན་སྐྱོད་ཀྱིས་འགྲན་སློང་ལ་ཁ་གཏད་བཅག་པ་དེས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཐེབས་པ་མ་ཟད་བོད་ལྗོངས་ཀྱི་འཕེལ་རྒྱས་ལའང་སྐུལ་འདེད་ཐེབས་ནས་ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་བའི་ཐད་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད་ཅེས་བརྗོད།
         པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཡི་ཀྲོའུ་བཙུགས་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཀྲུའུ་རེན་མའོ་ལི་ཤིས་ཨའོ·སང་ཐོའོ་ལུའོ་ཡིས་མིག་སྔར་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་མི་རིགས་གནད་དོན་ལ་ཁ་གཡར་ནས་ཀྲུང་གོ་དང་རྩོད་རྙོག་ཡང་སེ་སློང་གི་ཡོད་ཅིང་། རྒྱབ་ཤ་དཀར་པོའི་དེབ་དཔེ་སྐྲུན་བྱས་པ་ནི་དེར་རྒོལ་ལན་ནུས་ལྡན་བསློགས་པ་ཞིག་རེད། རྒྱབ་ཤ་དཀར་པོའི་དེབ་ནང་བོད་ལྗོངས་ས་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་དུས་མཚུངས་ཀྲུང་གོ་སྲིད་གཞུང་གིས་ད་དུང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཁེ་དབང་ལ་དོ་ཁུར་དང་། ཆོས་དད་རང་མོས་ལ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བཅས་བྱས་པའི་སྐོར་ངོ་སྤྲོད་བྱས་ཡོད་ཅེས་བརྗོད་པ་དང་། སང་ཐོའོ་ལུའོ་ཡིས་ལྷག་པར་དུ་མཚོ་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐོར་གླེང་སྐབས་ལྕགས་ལམ་དེས་བོད་དང་ཕྱི་རོལ་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་དང་ཡུལ་དེ་གའི་མི་དམངས་ལ་ཕན་པ་བསྐྲུན་ཡོད་པའི་ངོས་འཛིན་བྱས།
         ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་པཱ་ཐེ་ལ་དབྱི་ཡིས་བོད་ལྗོངས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ལྷག་དོན་དུ་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ནི་ཚང་མས་མཐོང་གསལ་རེད། དེང་རབས་ཅན་གྱི་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། སྒྱུ་རྩལ་རི་མོ་ཁང་། རིག་གནས་ལྟེ་གནས་བཅས་གང་སར་མཐོང་རྒྱུ་ཡོད་པས་དམངས་ཚོགས་ཀྱིས་ཀྱང་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཐུབ་ཀྱི་ཡོད། དུས་རབས་གསར་པར་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཉམས་འགྱུར་གསར་པ་མངོན་བཞིན་ཡོད་ཅེས་བརྗོད།