དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

གསར་བརྗེའི་རྗེས་ཤུལ་འཚོལ་སྙེག་གིས། འཕོ་འགྱུར་ཆེན་པོ་ཉམས་སུ་མྱོང་།

​ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་དུ་བསྐྱོད་པའི་མཐོང་ཐོས།

སྤེལ་དུས 2021-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ས་ཁྱོན་སྨི་གྲུ་བཞི་མ་16500བཟུང་བའི་ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་ནི་2013ལོར་སྐྲུན་འགོ་བཙུགས་པ་དང་འབྲེལ་ལོ་དེར་ལས་མཇུག་ཀྱང་འགྲིལ་ཡོད། LEDའཆར་ཤེལ་དང་། རོལ་དབྱངས་ཆུ་གཏོར། སྔོ་འགྱུར། མཛེས་བཟོ་སོགས་སྒྲིག་ཆས་ཧ་ཅང་ཆ་ཚང་པོ་ཡོད། གཞན་དང་མི་འདྲ་བ་ནི་ཐང་ཆེན་གྱི་དབུས་སུ་མཐོ་ཚད་ལ་སྨི་19.50ཡོད་པའི་རྡོ་རིང་གི་ངོས་ནི་ཨང་ཀི“1”གི་དབྱིབས་ཡིན་པ་མ་ཟད་ཕྱོགས་གསུམ་དར་དམར་དབྱིབས་ཀྱི་དྲན་གསོའི་རྡོ་རིང་ཞིག་འགྱིང་ངེར་གནས་ཡོད།

           ཐང་ཆེན་གྱི་མིང་ལ“བཅིངས་འགྲོལ”ཞེས་འདོགས་དོན་གང་ཡིན་ནམ། ཐང་ཆེན་གྱི་དབུས་སུ་དྲན་གསོའི་རྡོ་རིང་ཞིག་འཛུགས་དོན་གང་ཡིན་ནམ།

           1950ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཆེད། བཅིངས་འགྲོལ་དམག་གིས་དམག་དཔུང་ཁག་བཞིར་བགོས་ཏེ་སི་ཁྲོན་དང་། མཚོ་སྔོན། ཤིན་ཅང་། ཡུན་ནན་བཅས་ཕྱོགས་བཞི་ནས་བོད་ལྗོངས་སུ་བསྐྱོད་པའི་ཁྲོད་དམག་སྡེ་བཅོ་བརྒྱད་པའི་གཙོ་ཤུགས་དམག་སི་ཁྲོན་ལེ་ཧྲན་ནས་ཐོན་ཏེ་དར་མདོ་དང་དཀར་མཛེས་བརྒྱུད་ཆབ་མདོར་འབྱོར། “ཆབ་མདོའི་གཡུལ་འགྱེད”ཀྱིས་བོད་ལྗོངས་སུ་དཔུང་སྐྱོད་བྱེད་པའི་འགྲོ་ལམ་བཤངས་ཏེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཆེད་རྨང་གཞི་བཏིང་ཡོད་ལ། ཆབ་མདོ་འདི་ཉིད་ཀྱང་བོད་ལྗོངས་སུ་སྐར་ལྔའི་དར་དམར་སྒྲེང་ཡུལ་ཐོག་མ་དེར་གྱུར་ཡོད།

           དེ་སྔའི་ཆབ་མདོར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག ཞིང་བྲན་བདག་པོས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཟུང་བ་དང་འབྲེལ། སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པའི་རྒྱ་ཆེའི་ཞིང་བྲན་ཚོར་ཚོད་འཛིན་དང་བྲན་དུ་བཀོལ་གྱི་ཡོད་པས་ཞིང་བྲན་ཚོའི་ཚེ་སྲོག་ཕ་མས་སྦྱིན་ཡང་གཟུགས་པོ་དཔོན་པོར་དབང་བ་དང་། ཚེ་སྲོག་དང་གཟུགས་པོ་རང་ཉིད་ཀྱི་ཡིན་ཡང་རང་ལུས་རང་དབང་མེད་པ། ཐོན་སྐྱེད་ཕལ་ཆེར་འཕེལ་མེད་རང་སོར་གནས་པ་དང་སྤྱི་ཚོགས་ཀྱི་འགལ་ཟླ་རྣོ་ངར་ཆེན་པོ་ཡོད། འོན་ཀྱང་དེང་དུས་ཀྱི་ཆབ་མདོར་དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་བཅས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དེ་དག་ནི་བཅིངས་འགྲོལ་བཏང་བ་ལས་བྱུང་བ་ཞིག་རེད།

           དྲན་གསོའི་རྡོ་རིང་གི་མདུན་དུ་སྐྱོད་སྐབས་རྔམ་བརྗིད་ལྡན་པའི་བོད་རྒྱ་ཡིག་རིགས་གཉིས་ལས་གྲུབ་པའི“ཆབ་མདོར་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང”ཞེས་པ་མིག་མདུན་དུ་གསལ་ལེར་འཆར་གྱི་ཡོད་ལ་དེའི་གཤམ་དུ“1950.10.19”ཞེས་པ་བཀོད་ཡོད། དམག་དར་འཁྱེར་བ་དང་། དུང་བརྡ་གཏོང་བ། ཁ་བཏགས་འཁྱེར་བ། མེ་མདའ་འཁྱེར་བ་སོགས་ཀྱི་ཟངས་ལས་གྲུབ་པའི་གསོན་ཉམས་དོད་པའི་མི་སྣའི་བརྐོས་བརྙན་ལྔ་པོ་མདུན་ཕྱོགས་སུ་ཅི་རེར་ལྟ་བ་དང་། ཡར་ལངས་པ། ཙོག་པུར་སྡོད་པ་སོགས་བྱས་ཡོད།

          མཉམ་དུ་ཡོང་མཁན“ཆབ་མདོ་བ་རྒན་གྲས”ཀྱིས་ཆབ་མདོར་བཅིངས་འགྲོལ་བཏང་བ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་དག་ཅིག་ཡིན་པ“རྡོ་རིང”གི་སྟེང་ནས་མངོན་ཡོད། དྲན་གསོའི་རྡོ་རིང་གི་མཐོ་ཚད་དང་། གཞི་གདན། རྡོ་རིང་གི་ངོས་བཅས་ཚང་མར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། རྡོ་རིང་གི་མཐོ་ཚད་ལ་སྨི་19.50ཡོད་པ་དེས་ཆབ་མདོར་བཅིངས་འགྲོལ་བཏང་བའི་དུས་ཚོད་1950ལོར་ཡིན་པ་མཚོན་པ་དང་། གཞི་གདན་གྱི་མཐོ་ཚད་སྨི་2.013ཡོད་པ་དེས་2013ལོར་བསྐྲུན་པ་མཚོན་པ། རྡོ་རིང་གི་ངོས་ཀྱི་ཨང་ཀི“1”དབྱིབས་ཅན་ཡིན་པ་དེས་ཆབ་མདོ་ནི་བོད་ལྗོངས་སུ་སྐར་ལྔའི་དར་དམར་སྒྲེང་ཡུལ་ཐོག་མ་དེ་ཡིན་པ་མཚོན་པ། རྡོ་རིང་གི་ངོས་ཀྱི་དར་དམར་གསུམ་ནི་རྒྱལ་དར་དང་། ཏང་དར། དམག་དར་བཅས་ཡིན་པ་དང་རྡོ་རིང་གི་ཟུར་དུ་རྒྱ་ཡིག“帆”གྱི་དབྱིབས་ཡིན་པ་དེས་ཆབ་མདོའི་འཕེལ་རྒྱས་རླུང་རྟེན་རླབས་གཤག་གིས་གྲུ་གཡོར་བསྒྲེངས་ནས་མདུན་སྐྱོད་བྱེད་པ་མཚོན་གྱི་ཡོད།    

          རྡོ་རིང་མདུན་གྱི་ཟངས་ཀྱི་བརྐོས་བརྙན་དེ་དག་གིས་བཅིངས་འགྲོལ་དམག་མིས་ཆབ་མདོར་བཅིངས་འགྲོལ་གཏོང་ཆེད་དཔའ་ངར་ཆེན་པོས་འཐབ་འཛིང་དང་ཤི་རྒྱུར་མི་སྐྲག་པའི་ལོ་རྒྱུས་བསྐྱར་དུ་མངོན་པ་དེས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོའི་རྒྱབ་སྐྱོར་དང་བརྩི་བཀུར་འོག་དམག་དམངས་ཀུན་སེམས་གཅིག་སྒྲིལ་གྱིས་1950ལོའི་ཟླ་10ཚེས་19ཉིན“ཆབ་མདོའི་གཡུལ་འགྱེད”ལ་རླབས་ཆེན་རྒྱལ་ཁ་ཐོབ་ནས་ཆབ་མདོ་དང་ཐ་ན་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་ཡོད། 

          ལོ་71རྗེས་ཀྱི་ད་ཆ་གནམ་གྲུ་དང་། མེ་འཁོར། སྒེར་འཁོར་སོགས་བསྡད་དེ་བོད་ལྗོངས་སུ་ཡོང་ཐུབ་ཀྱི་ཡོད་མོད། འོན་ཀྱང་སྐབས་དེ་དུས་བོད་ལྗོངས་ལ་གཞུང་ལམ་ངོ་དྲག་པ་གཅིག་ཀྱང་མེད། དམག་སྡེ་བཅོ་བརྒྱད་པའི་སྔོན་བྱོན་པ་ཚོས་བོད་ལྗོངས་སུ་བསྐྱོད་པའི་བརྒྱུད་རིམ་ནང“དཔུང་སྐྱོད་བྱེད་ཀྱིན་འཛུགས་སྐྲུན་དང་ལམ་བཟོས་པ”དང“ས་གནས་ཀྱི་ཟས་མི་ཟ་བའི”ཆེད་མི་རེས་རྒྱ་མ་དྲུག་ཅུ་ལྷག་ཙམ་ཡོད་པའི་འབྲུ་རིགས་དང་དངོས་ཟོག་འཁྱེར་ཏེ་གངས་རི་བཅུ་གྲངས་བརྒྱབ་པ་དང་གཙང་པོ་བརྒྱ་ལྷག་ཙམ་བརྒལ་ནས་དཀའ་ཚེགས་ཆེན་པོས་མདུན་སྐྱོད་ཀྱིས་ཆབ་མདོར་བསྐྱོད་ནས་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོའི་མང་ཚོགས་ཚོར་བཅིངས་འགྲོལ་བཏང་ཡོད།

           ལོ་རྒྱུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཁོར་མོད། འོན་ཀྱང་ང་ཚོར་བཞག་པའི་འདྲ་པར་རེ་རེ་དང་། ལོ་རྒྱུས་ཀྱི་དངོས་པོ་རེ་རེ། དེ་བཞིན་ཁ་རྒྱུན་གྱི་གཏམ་རྒྱུད་རེ་རེ་བཅས་ཀྱིས་ང་ཚོར་གསར་བརྗེའི་ལོ་ཟླའི་ནང་གི་དཔའ་ཉམས་དང་དཀའ་ཚེགས་ཇི་མ་ཇི་བཞིན་མངོན་གྱི་ཡོད།

           གསར་བརྗེའི་རིག་གནས་ལ་རྒྱུན་འཛིན་དང་དྲན་གསོ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཆབས་ཅིག རྒྱ་ཆེའི་མང་ཚོགས་ཚོར་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱ་ཆེད། སྐབས་དེ་དུས་ཀྱི་ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཆབ་མདོར་བཅིངས་འགྲོལ་ཐང་ཆེན་བསྐྲུན་རྒྱུའི་ཐག་བཅད། བཅིངས་འགྲོལ་ཐང་ཆེན་བསྐྲུན་རྗེས་གནས་དེ་ནི་ཆབ་མདོའི་མི་དམངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་བྱ་ཡུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད་ལ་གྲོང་མི་ཚོ་ཕྱི་རོལ་དུ་སྤྲོ་གསེང་བྱ་ཡུལ་ཡག་ཤོས་ཤིག་ཏུའང་གྱུར་ཡོད།

 རྩོམ་སྒྲིག་པ། རིག་གྲོལ།