དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

མཛེས་སྡུག་ལྡན་པའི་སྐྱེ་ཁམས་བཏོད། སྡོད་མལ་ཁོར་ཡུག་སྐྱིད་སྣང་དོད།

ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བཀྲག་མདངས་འཚེར་སའི་སྐོར་བཀོད་པ།

སྤེལ་དུས 2021-06-13 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          སྐྱེ་ཁམས་ཁོར་ཡུག་བཟང་བ་ནི་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“དྭངས་ཤིང་གཙང་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་ལས་བྱུང་བ་ཞིག་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་བྱེད་ཐབས་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད།
          ཆུའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པ་ལས་ཆུ་བོ་དེ་བས་དྭངས་ཤིང་གཙང་། 
          ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གཙང་པོ་དང་མཚོའི“གང་བྱུང་བཞི་གཙང་སེལ”གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྐྱིད་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།
          2018ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ཁག་དང་པོའི་ཆུ་དཔོན་དང་མཚོ་དཔོན་གྱི་མིང་ཐོ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་གཙང་པོ་དང་མཚོ་གཙོ་བོ་བསྡོམས་པས་243ཡོད་པར་ལྟེ་བའི་གྲོང་ཁུལ་ལ་སྤྱི་ལེ་རེར་ཆུ་ལམ་བདག་སྐྱོང་བ་1བཀོད་སྒྲིག་དང་། གྲོང་གསེབ་ཀྱི་ཆུ་ལམ་སྤྱི་ལེ་2རེར་ཆུ་ལམ་བདག་སྐྱོང་བ་1རེ་བཀོད་སྒྲིག་བྱེད་དགོས་པའི་དོ་དམ་སྲུང་སྐྱོང་གི་དགོས་མཁོར་གཞིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ཆུ་ལམ་གྱི་ཆུའི་སྤུས་ཚད་དང་འཕྲོད་བསྟེན་གྱི་གནས་ཚུལ་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་རྒྱུའི་འགན་འཁུར་དུ་བཅུག་ཡོད། ཆུ་ལམ་ལ་སྐོར་གཡེང་བྱེད་པའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་བརྒྱུད་2020ལོར་ལྷ་སས་ཆུ་ལམ་དང་གྲོང་གསེབ་ཀྱི་གཙང་པོ་དང་མཚོའི་གད་སྙིགས་བསྡོམས་ཏུན་126.9གཙང་སེལ་བྱས་པས་རྫོང(ཆུས)དོ་དམ་ཨུ་ལྷན་ཁག་གི་ཆུ་ལམ་དང་གྲོང་གསེབ་མཐའ་འཁོར་དུ་གཙང་སེལ་མཐར་ཕྱིན་པ་ཞིག་ཐུབ་ཡོད།
          ལྗང་མདོག་སྲུང་སྐྱོང་བྱས་པ་ལས་གྲོང་ཁྱེར་དེ་བས་མཛེས་ཤིང་ལྟ་ན་སྡུག
          ཉེ་བའི་ལོ་ཤས་ཀྱི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་མི་རྒྱུ་རྩལ་གསུམ་ཤུགས་ཆེན་བཏང་ནས་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་གཏོད་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་ཁྱེར་ལ་སྔོ་འགྱུར་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་དེ་གའི་མང་ཚོགས་ལ་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། 2012ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིའི་ཤིང་འཛུགས་སྔོ་འགྱུར་གྱི་ལས་གྲྭ་འགོ་བཙུགས་ཏེ་སྡོང་ཕྲུག་སྣ་ཚོགས་ཚོད་ལྟ་འདེབས་འཛུགས་བྱེད་འགོ་བཙུགས་པ་དང་། མི་དང་ཕྱུགས་ཟོག་ལ་བརྟེན་ནས་སྡོང་ཕྲུག་རེ་རེ་དང་ས་རྒྱུ་དག་རི་སྟེང་དུ་དབོར་བ་དང་ཆུ་རི་སྟེང་དུ་དྲངས་ནས་རི་རྒོད་དེ་སྔོ་ཐིང་ཐིང་གི་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་གྱུར་བར་བྱས་པ་དང་ལོ་ལྟར་སྔོ་ཁེབས་མང་དུ་བཏང་བས་བྱེ་རྡུལ་ཏུན་4000ཉུང་དུ་ཕྱིན་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་སོང་བ་མ་ཟད། ད་དུང་གྲོང་མི་ཚོར་སྤྲོ་གསེང་ལ་འགྲོ་ས་ཡག་པོ་ཞིག་ཀྱང་བྱུང་ཡོད།
          ན་ནིང་གི་བར་དུ། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་སྟེ། རིམ་རྩིས་བྱས་ན་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་57.9ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁེབས་ཚད་19.5%ཟིན་པ། གྲོང་ཁྱེར་སྔོ་འགྱུར་ཐུབ་ཚད་38.8%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཚོད་འཛིན་བྱེད་པའི་ཆུའི་སྤུས་ཚད་རིགས་Ⅲརྒྱུན་འཁྱོངས་ཐུབ་པ། མཁའ་རླུང་སྤུས་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་ཁག་བཞི་པར་བདེ་བླག་ངང་ཚུད་པ་བཅས་ལྗང་མདོག་དེ་ལྷ་སའི་འཕེལ་རྒྱས་ཀྱི་བཀྲག་མདངས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་གྱི་མིང་བྱང་དུ་གྱུར་ཡོད།
          འདམ་རར་སྲུང་སྐྱོང་བྱས་པ་ལས་མཁའ་རླུང་དེ་བས་གཙང་ཞིང་བསིལ།
ཉེ་བའི་ལོ་ཤས་ཀྱི་རིང་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་པས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྔར་བས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
          ལྷ་ཀླུ་འདམ་རའི་སྲུང་སྐྱོང་དང་སྐྱེ་ཁམས་བསྐྱར་གསོའི་ལས་དོན་དངོས་འབྲེལ་ཡག་པོ་སྒྲུབ་ཆེད་ལྷ་ས་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་ཁུལ་རྒྱ་བསྐྱེད་དང་ལྟེ་བའི་ཁུལ་གནས་སྤོ་དང་། འདམ་རའི་སྐྱེ་ཁམས་མ་ལག་སླར་གསོ། སྲུང་སྐྱོང་ཁུལ་གྱི་འགོག་སྲུང་ནགས་ཚལ་སྔོ་འགྱུར། སྐོར་གཡེང་གི་རྐང་ཐང་ལམ་བུ། ཆུ་གསབ་མ་ལག་སྒྱུར་བཀོད། འདམ་ར་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་མ་ལག་ལས་གྲྭ་སོགས་ནང་དོན་གཙོ་བོར་བྱས་པའི་དུས་ཐེངས་གསུམ་པའི་སྲུང་སྐྱོང་ལས་གྲྭའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་ཡོད།
          སྲུང་སྐྱོང་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་དེས་ལྷ་སའི་གནམ་གཤིས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་གྱི་མཁའ་རླུང་གི་བརླན་གཤེར་ཆེ་རུ་དང་གསོ་རླུང་འདུས་ཚད་མང་དུ་ཕྱིན་པ། གྲོང་ཁྱེར་གྱི་འབྲུབ་འགོག་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ། ས་འོག་ཆུའི་ཆུ་ཁ་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་འདམ་རའི་ནང་གི་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་དང་གྲངས་འབོར་ཡང་ལོ་རེ་ལས་མ་འདས་པར་མང་དུ་ཕྱིན་པ་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་གསུམ་ཆ་གཅིག་ཙམ་ཆེ་རུ་ཕྱིན་ཏེ་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད། 

རྩོམ་སྒྲིག་པ། རིག་གྲོལ།