ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

ལྷ་ཉིང་ལྕགས་ལམ་གྱི་གློག་གཏོང་འདུ་འགོད་ཀྱིས་ཕྱོགས་ཡོངས་ནས་གློག་བཏང་སྟེ་འཁོར་རྒྱུག་བྱས་པ།

སྤེལ་དུས 2021-06-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་མཐོ་གསར་སྟོང་ཝ་220ཡི་གློག་སྒྱུར་ས་ཚིགས་ཀྱི་ཤིན་ཐང་གློག་ལམ་གྱི་གློག་སྒོ་བརྒྱབ་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་ལས་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་གློག་གཏོང་འདུ་འགོད་ཕྱོགས་ཡོངས་ནས་གློག་བཏང་སྟེ་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད།
          ལྷ་ཉིང་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་དང་སྤྱོད་འགོ་ཚུགས་རྗེས་གློག་སྒུལ་མེ་འཁོར་ཨ་མས་དེའི་ཐོག་སྟེང་གི་གློག་གསོག་ཡོ་ཆས་སྤྱད་དེ་སྦྲེལ་མཐུད་དྲ་བ་ནས་གློག་ནུས་ཐོབ་པ་བྱས་ཏེ་མེ་འཁོར་འཁོར་རྒྱུག་བྱེད་པ་དང་འབྲེལ། “གློག་གིས་སྣུམ་གྱི་ཚབ་བྱེད་པ”མངོན་འགྱུར་བྱུང་ཡོད། དེས་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཉུང་དུ་ཕྱིན་པ་དང་མཚོ་བོད་ས་མཐོའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་ལྗོངས་ཀྱི“ཐཱན་ཚད་སྙོམ་སྦྱོར་དང་ཐཱན་ཚད་མཐོ་ཤོས”ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་གློག་གཏོང་འདུ་འགོད་འཛུགས་སྐྲུན་གྱི་ཚན་པ་ཞིག་ཡིན་པ་དང་དེས་གློག་སྒྱུར་ས་ཚིགས་9ཡི་བར་མཚམས་རྒྱས་སྐྲུན་དང་། དེ་བཞིན་ལམ་ཐིག་22བསྐྲུན་པ། ལྕགས་ལམ་གྱི་འཐེན་འདྲུད་ས་ཚིགས་11ལ་གློག་གཏོང་བ་བཅས་ཀྱི་འགན་འཁུར་གྱི་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་ཆ་སྙོམས་ས་བབ་སྨི་3000ཡན་གྱི་ས་ཁུལ་དུ་མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། སྐྱེ་ཁམས་ཉམས་ཞན། ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བ། རང་བྱུང་ཆ་རྐྱེན་ཞན་པ་བཅས་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་གྱིས་གློག་གཏོང་ཨར་སྐྲུན་ལ་འགྲན་སློང་ཆེན་པོ་བཟོས་ཡོད་པ་རེད།
          ལས་གྲྭ་འཛུགས་སྐྲུན་བྱེད་རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། སྐྱེ་ཁམས་ཉམས་ཞན། ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ་དང་དུས་མཚུངས། ལྷ་ཉིང་ལྕགས་ལམ་གྱིས་བོད་ལྗོངས་གློག་དྲའི་དོ་སྙོམས་མེད་པ་གསུམ་དང་། གློག་གནོན་བརྟན་པོ་མེད་པ། མ་ལག་བརྟན་གཏོང་། གློག་མཐུད་ཡོ་བྱད་སྲུང་སྐྱོང་སོགས་ཀྱི་ཤུགས་རྐྱེན་ཧུར་ཐག་བསལ་ནས་བོད་ཀྱི་གློག་དྲ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།