དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > བོད་ལྗོངས་ཀྱི་གཏམ་རྒྱུད།

བོད་ལྗོངས་སུ་འཕྲུལ་མིས་དངོས་ཟོག་སྐྱེལ་འདྲེན་གྱི་འགོ་ཚུགས་པ།

སྤེལ་དུས 2021-06-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          2021ལོའི་ཅིང་ཏུང618པའི་སྐབས་སུ། བོད་ལྗོངས་ལྷ་སར་གནས་པའི་རང་སྐྱོང་ལྗོངས་རིམ་པའི་སྤྱི་པའི་ཟོག་འདྲེན་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས་སུ་དངུལ་མདོག་གི་དབོར་འདྲེན་རྣམ་པའིAGVའཕྲུལ་མིས་ཟོག་སྒྲོམ་དྲུད་དེ་བདེ་ལྕག་འཁྱུག་པའི་ངང་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། འདེམས་སྒྲུག་ལས་དོན་མི་སྣས་ཟམ་མི་ཆད་པར་སྒྲོམ་སྟེགས་སྟེང་གི་དངོས་ཟོག་ལེན་པ་སོགས་བྱེད་ཀྱིན་ཡོད། འདི་ནི་ཅིང་ཏུང་ཟོག་འདྲེན་གྱིས་རང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་དབོར་འདྲེན་རྣམ་པའིAGVའཕྲུལ་མི་སྟེ“ས་སྤྱང”ཞེས་པ་དངོས་སུ་མཐོ་སྒང་ནས་སྤྱོད་འགོ་ཚུགས་པ་ཡིན་ལ། དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཟོག་འདྲེན་ལས་རིགས་དེ་དངོས་སུ་རིག་ནུས་མཛོད་ཉར་གྱི་དུས་རབས་སུ་བསྐྱོད་པ་མཚོན།

          འདི་ནི་ཅིང་ཏུང་ཟོག་འདྲེན་གྱིས་བོད་ལྗོངས་ས་ཁུལ་དུ་རིག་ནུས་ཅན་གྱི་ས་སྤྱང་མཛོད་ཁང་གི་ལས་གཞི་བསྒྲུབས་པ་ཐོག་མ་ཡིན་ཞིང་། “ས་སྤྱང”མ་ལག་ནི་ཅིང་ཏུང་ཟོག་འདྲེན་རང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་དཔེ་མཚོན་གྱི་དབོར་འདྲེན་རྣམ་པའི་དངོས་ཟོག་ནས་མིས་འདེམས་སྒྲུག་བྱེད་པའི་མ་ལག་ཅིག་ཡིན་པ་དང་། ས་སྤྱངAGV(རང་བརྟེན་ཟོག་འདྲེན་འཕྲུལ་མི)སྤྱད་ནས་ཟོག་སྒྲོམ་དེ་གཏན་འཇགས་ཀྱི་ལས་སྒྲུབ་ས་ཚིགས་སུ་དབོར་ནས་ལས་སྒྲུབ་མི་སྣས་འདེམས་སྒྲུག་བྱ་བ་ཞིག་ཡིན།
          “ས་སྤྱང”མ་ལག་གིས་སྲོལ་རྒྱུན་གྱི“མིས་ཚོང་ཟོག་འཚོལ་བའི”འདེམས་སྒྲུག་བྱེད་སྟངས་དེ“ཚོང་ཟོག་གིས་མི་འཚོལ་བའི”རྣམ་པར་འཕོ་འགྱུར་བཏང་ཞིང་། མཛོད་ཁང་ནང་གི་ལས་ཀ་དེ་མི་མེད་ཅན་དུ་གྱུར། ལས་དོན་མི་སྣས་ལས་སྟེགས་སུ་དེ་བསྟུན་གྱི་ལས་ཀ་ཏོག་ཙམ་བྱས་པས་ཆོག

          ཅིང་ཏུང་ཟོག་འདྲེན་བོད་ལྗོངས་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་གནང་བ་ལྟར་ན། “ས་སྤྱང”ནི500kgཡི་ལྗིད་ཚད་ཐེག་པའི་འཕྲུལ་མི་སྟོབས་ཆེན་ཞིག་ཡིན་པ་དང་། ས་ཐོག་ལ་བཀྲམས་པའི་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་ལམ་འཚོལ་ཞིང་དེ་ནས་རང་གི་བརྡ་ཚོར་མ་ལག་ལ་བརྟེན་ནས་གདོང་ཐུག་མི་རྒྱག་པར་བྱས་པ་དེས“ས་སྤྱང”གིས་ཟོག་སྒྲོམ་སྐྱེལ་སྐབས་སུ་ཕན་ཚུན་ལ་འགོག་རྐྱེན་མི་བཟོ་བར་གོ་རིམ་ལྡན་པའི་ངང་ལས་ཀ་དང་ལེན་བྱས་ནས་ཚོང་ཟོག་དབྱེ་སྒྲུག་གི་ཕན་ནུས་དང་གནད་ལ་འཁེལ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད་ཟེར།

          ཅིང་ཏུང་ཟོག་འདྲེན་བོད་ལྗོངས་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས“རིག་ནུས་ཅན་གྱི་སྒྲིག་ཆས་ནང་འདྲེན་བྱས་པ་དེ་ནི་བོད་ལྗོངས་སུ་ཡུན་རིང་མ་འཇོག་ཟོག་འདྲེན་གྱི་རྨང་གཞིའི་དྲ་བ་གཏོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། ཕྱིན་ཆད་བོད་རང་སྐྱོང་ལྗོངས་ལ་མུ་མཐུད་ནས་མཉམ་ལས་བྱེད་པ་ཤུགས་ཆེ་རུ་བཏང་ནས“གནས། ཐིག དྲ་བ”བཅས་ཀྱི་ཇུས་འགོད་བསམ་ཕྱོགས་ལྟར་རང་སྐྱོང་ལྗོངས་རིམ་པ་དང་། ས་གནས་གྲོང་ཁྱེར་རིམ་པ། རྫོང་ཁུལ་རིམ་པ་བཅས་ལ་ཁྱབ་གདལ་བཏང་སྟེ་མཛོད་ཉར་ལྟེ་གནས་དང་། བར་བརྒྱུད་ལྟེ་གནས། སྡེབ་སྐྱེལ་ལྟེ་གནས་བཅས་མང་པོ་ཞིག་འཛུགས་དགོས་པ་དང་། མཛོད་ཉར་དང་། སྐྱེལ་འདྲེན། སྡེབ་སྐྱེལ་བཅས་ཞབས་ཞུའི་མ་ལག་གསུམ་བསྐྲུན་ནས་ཟོག་འདྲེན་དྲ་རྒྱ་ཆེན་པོ་ཞིག་བཙུགས་ཏེ་བོད་ལྗོངས་ཀྱི་ས་གནས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད།
          དེ་དང་ཆབས་ཅིག་ཏུ་གོང་གསལ་གྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་ཡིན་པའི་སྐྱེལ་འདྲེན་ནུས་པ་གཙོ་བོ་རྣམས་བརྒྱུད་དེ། བཟོ་ལས་ཐོན་རྫས་ནང་མར་འདྲེན་པ་དང་ཞིང་ལས་ཐོན་རྫས་ཡར་ལྡོག་ནས་འདྲེན་པའི་དྲ་བ་བཙུགས་ཏེ། “སྟོད་སྨད་རྒྱུད་གཉིས་ཤར་གཏོང་ཡོང་བ་བྱས”ཏེ་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་ངེས། 
རྩོམ་སྒྲིག་པ། སྣང་རྡོར།